R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 9
[A:9] ༄༅ པོ་རྒྱ་རུ་བཅད། དེའི་སྲས་མོ་ཁྲི་ལྕགས་ཀྱིས་རྒྱ་གླང་དམར་བཏུལ། རྒྱའི་གིང་པོ་བཏུལ། དེའི་སྲས་བློན་ཆེན་པོ་སྟོང་བཙན་ཡུལ་གཟུངས་ཀྱིས་ཕྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཆེན་པོ་མཛད། རྒྱའི་བཀྲིས་ཁྲི་སྒོ་ནས། ཇོ་བོ་རིན་པོ་ཆེ་སྤྱན་དྲངས། རྒྱའི་རྒྱལ་པོ་ཐང་ཀའུ་ཛུང་གི་སྲས་ཐང་ཐའི་ཛུང་གི་ལྕམ་མོ། ལྦུན་ཤིང་གུང་ཇུ་བླངས། རྒྱ་གྲུ་གུ། འཇང་། གསུམ་བཏུལ། རྒྱའི་རྒྱལ་པོས། གཡིའ་འུད་སྤུ་ཏའི་ཙང་གུན་ཞེས་པའི་མིང་བྱིན། དེ་དང་། ཐང་ཐའི་ཛུ་གི་ཚ་མོ་ཡི་སྲས་ཆེ་བ། ཁི་མིམ། གཉིས་པ་བཙན་པོ་ཡོན་ཏན་རྒྱལ་གཟུངས། གསུམ་པ་སི་གྱུ་ཞ་པ་ཕོ་ལུན། ཡོན་ཏན་རྒྱལ་གཟུངས་ལ། རྒྱའི་རྒྱལ་མོ་འུ་ཛི་ཐོན་གྱིས། ཀྱུ་བི་དེ་ཁྱུན་དབང་ཞེས་པའི་མིང་བྱིན། དེའི་སྲས་མགར་བཙན་པོ་དྲོད་པོ། བཙན་གཉན་གུང་སྟོན། བཙན་གཉན་ལྡོམ་བུས། གཉེ་མོའི་ཡུལ་དཔོན་བྱས། ཚེ་སྔ་ཕྱི་དྲན། བཙན་གཉན་ལྡོན་བུའི་སྲས། ཁྲི་བཟང་དོམ་བུ། དེའི་སྲས་ཁྲི་གཉེར་ཁྲི་ལྕགས། དེའི་སྲས་སྟོང་མེས་ཁྲི་སྣང་། དེའི་སྲས་བློན་ཆེན་པོ་ཁྲི་ལྦང་ལྷ་སྐྱང་། ཁྲི་ཏོ་རེ་སྟག་གཟུགས། ཁྲི་བཞེར་ཁུས་པོ། སྟོང་བཞེར་ཁུས་ཆུང་དང་། ཁྲི་ཏོ་རེ་སྟག་གཟུངས་ཀྱིས་སྲས་ཁྲི་བཙན་འཕན་གཟིགས། དེའི་སྲས་བློན་ཆེན་པོ་ཆས་པ་སྒོ་དྲུག །། དེའི་སྲས་བློན་ཆེན་པོ་རྡོར་གཟུངས།