R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 10
[A:10] དེའི་སྲས་བློན་ཁྲི་གཟུངས་བཙན། དེ་ལ་སྲས་གསུམ། ཁྲི་བཙན་པོ་འབར་རེ། གུང་ཞན་བཙན་པོ། ཁྲི་འོག་འུག་རྒྱལ་བ། ཕུ་བོ་རྒྱུན་ཆད། ཁྲི་ཐོག་རྒྱལ་བ་མངའ་རིས་སྟོད་དུ་གཤེགས། གུང་གནམ་བཙན་པོའི་བུ་ཁྲི་རྗེ་མང་གཉེན་དེ་ནས་རིམ་པ་ཞན་བརྒྱུད་པ། མུ་སྒྲག་འཕན་གཟིགས། ལྷ་ལེགས། ལྷ་པོ། དོན་པོ། གནམ་ལྷ་རྒྱལ། བཙན་ལྷ་རྒྱལ། འགར་ཡང་ཐོག་རྒྱལ་བ། དེ་ལ་སྲས་འདྲ་རྒྱལ་ལོ་གྲིབ་ཏུ་ཆད། འཕན་པོས་རམ་པ་གཟུང་། འདི་ཡན་ཆད་འགར་ཡུལ་རམ་པ་ནས་སོ་ལྕགས་ཀྱི་བྱ་ཁྲ་སྨད་གསུམ་དང་ལྷན་དུ་བརྙེད་པའི་ཡིག་ཚང་དང་། རྒྱའི་ཡིག་ཚང་ཐང་ཐུ་ཐུ་ཧན་དང་། ཡིག་ཚང་ལས་ཀྱང་བཏུས་སོ། རྒྱལ་པོའི་བུ་འགར་རྒྱལ་བ་འབྱུང་གནས་འགྲོ་བའི་མགོན་པོ་རིན་པོ་ཆེའི་ཞབས་ལ་གཏུགས་ནས། ཆོས་ཐོབ་ཅིང་གྲིབ་ཏུ་ཡོན་བདག་གི་རྩ་བ་བྱས། དེའི་སྲས་དཔོན་ཆེན་པོ་སངས་རྒྱས་དངོས་གྲུབ་ཀྱིས། དགེ་འདུན་ཚལ་པའི་དཔོན་པོ་བྱས་ཏེ། དེ་ཡང་འགྲོ་བའི་མགོན་པོ་རིན་པོ་ཆེས་ཐུགས་ཀྱི་སྲས་དཔོན་ཆེན་པོ་དར་མ་གཞོན་ནུ་ལ། འཇམ་པའི་དབྱངས་ཀྱི་སྤྲུལ་པ། སེ་ཆེན་རྒྱལ་པོ་རྒྱལ་བུར་བཞུགས་པ་ལ། ལྷ་ཁང་གཏད་ནས་དགོས་མི་བྱས། ཆབ་སྲིད་ཀྱི་རྩ་བ་ཚུགས། དུས་ཕྱིས་ལོ་བཅུ་གཉིས་སུ་ཐུགས་དམ་འབའ་ཞིག་མཛད། དགུང་སྙིང་མོ་མོ་ལུག་མོ་བ། དཔོན་ས་ལོ་ཉི་ཤུ་རྩ་བཞི་མཛད། དགུང་ལོ་བདུན་བཅུ་རྩ་ལྔ་ལ་གཤེགས། དེའི་སྲས་སྤྱན་