R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༨ན
[A:༧༨ན] བླ་མ་ཤཱཀྱ་གཞོན་ནུ། བླ་མ་བློ་ལྡན་དེ་ཉིད་ལ་ཡང་འཕགས་འོད་ཀྱིས་གསན་ནོ། །ཡང་མར་ལུགས་ཀྱི་དབང་བཀའ་ཙམ་གྱི་བརྒྱུད་པ་ནི། འཁོན་གད་པ་ཀཱིརྟིས། ཡང་ལུང་ཟུར་དགོན་པ་མགར་སྟོན་ཤེར་རྒྱལ་ལ་གནང་། དེས་གཉེན་རྩེ་ཨཾ་ཕུག་པ་སྤྲུལ་སྐུ་རིན་ཆེན་སེང་གེ གོ་ལུང་པ་ཡེ་ཤེས་རྒྱལ། རོང་སྟོན་མཁན་པོ་བྱང་ཆུབ་ཟུང་། གཤོང་ལོ་བརྟན། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ དེ་ལ་བུ་སྟོན་རིན་པོ་ཆེས་གསན། ཡང་ཨཾ་ཕུག་པ་རིན་ཆེན་སེང་གེ་ནས། རོང་པ་ཤེར་བཟང་། སྟོན་མོ་ལུང་པ་ཡེ་ཤེས་འབར། ཀུན་མཁྱེན་ཆོས་སྐུ་བ། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་གྱི་བར་དུ་བརྒྱུད་པ་ཡང་ཡོད་དོ། དེ་ལྟ་བུའི་གསང་འདུས་འགོས་ལུགས་དང་མར་ལུགས་གཉིས་ཀྱི་བརྒྱུད་པ་བུ་སྟོན་རིན་པོ་ཆེ་ནས་གཙོ་ཆེར་ཕྱོགས་གཅིག་ཏུ་བྱུང་བས། དེ་ལྟར་དུ་བརྗོད་ན་བུ་སྟོན་རིན་པོ་ཆེས་སྲས་ཀྱི་ཐུ་བོ་ཁྱུང་པོ་ལྷས་པ་མཁས་གྲུབ་གཞོན་ནུ་བསོད་ནམས་ལ་གསང་བ་འདུས་པ་ལ་སོགས་པ་གདམས་པ་ཐམས་ཅད་གནང་བས། མར་འགོས་གཉིས་ཀའི་དབང་བཤད་གདམས་པ་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་བཞུགས་པ་ཡིན་ལ། མཁས་གྲུབ་ཆེན་པོ་དེ་ཉིད་དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པའི་ཚེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་འདུས་པའི་འགྲེལ་ཆེན། འགྲེལ་བཤད་མཐའ་དྲུག་རབ་གསལ། དབང་བཀའ། བརྒྱུད་པ་མང་པོའི་བཀའ་བབས་ཕྱོགས་གཅིག་ཏུ་དྲིལ་བ་དང་། སྒྲུབ་ཐབས་དང་རྒྱ་གཞུང་མང་པོའི་བཤད་པ། རིམ་ལྔ་འགོས་ལུགས་སྒོམ་ཁྲིད་དང་བཅས་པར་རྒྱས་པར་གསན། དམ་པ་དེ་ཉིད་ཀྱི་དྲུང་དུ་ངོར་ཆེན་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོས་