[A:༥༩ན]སྟོན་རིན་པོ་ཆེའི་སྤྱི་རྣམ་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ནི་རི་རབ་ཀྱི་རྩེ་མོར་དཀྱིལ་འཁོར་སྤྲུལ་ནས་དག་པའི་རྣལ་འབྱོར་གསལ་བར་བྱ་བའི་ཕྱིར་རྩ་བའི་རྒྱུད་བརྟག་པ་བཞི་བཅུ་རྩ་གཉིས་ཤླཽ་ཀ་ཁྲི་ཉིས་སྟོང་པ་དང་། བསྡུས་པའི་རྒྱུད་ཅེས་པ་ཐམས་ཅད་བསྡུས་པ་བརྟག་པ་བཅུ་པ་དང་། དེའི་རྒྱུད་ཕྱི་མ་བརྟག་པ་བདུན་པ་དང་། ཕྱི་མའི་ཕྱི་མ་བརྟག་པ་ལྔ་པ་རྣམས་གསུངས་སོ། །ཞེས་བཤད་པས་སོ། །མཉམ་སྦྱོར་འདི་སྒྱུ་མ་བདེ་མཆོག་ཡིན་ཏེ། ཀུན་མཁྱེན་ཆེན་པོའི་ཟབ་དོན་བདུད་རྩི་སྤེལ་བར་འདིའི་ལུང་དྲངས་པ་ལས། སམ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བ་བདེ་བའི་མཆོག །ཅེས་གསུངས་པའི་ཕྱིར། ཞེས་སོགས་གསུངས་ནས། སྡོམ་འབྱུང་དང་། མཁའ་འགྲོ་རྒྱ་མཚོ་གཉིས་གསང་མཐའི་ལུགས་ལ་ཡང་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པའི་བཤད་རྒྱུད་ཡིན་པ་ལྟ་བུ་གཅིག་དང་། སངས་རྒྱས་མཉམ་སྦྱོར་ནི་སྒྱུ་མ་བདེ་མཆོག་ཡིན་པས་བདེ་མཆོག་ཙམ་དང་མ་རྒྱུད་སྤྱི་ཙམ་པ་ཡིན་ཀྱང་། འཁོར་ལོ་བདེ་མཆོག་མ་ཡིན་ཞིང་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པའི་བཤད་རྒྱུད་ཀྱང་མ་ཡིན་པ་ཤུགས་ལ་བཞེད་པ་འདྲ་ཞིག་གསུངས་སོ། །དེས་ན་གོང་དུ་བཀོད་པའི་བཤད་རྒྱུད་ཀྱི་དབྱེ་བ་རྣམས་ནི། སྤྱིར་བདེ་མཆོག་གི་ལུགས་ལ་བཤད་རྒྱུད་ཀྱི་རྣམ་གྲངས་ཙམ་བཀོད་པ་ཡིན་ལ། དེ་དག་ལ་རྣམ་དབྱེ་ཅུང་ཟད་ཕྱེ་ན། སྤྱིར་བདེ་མཆོག་གི་བཤད་རྒྱུད་ཙམ་ལ་མང་དུ་ཡོད་པས། སྡོམ་འབྱུང་དང་། སངས་རྒྱས་