R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༥བ
[A:༦༥བ]པ་ནི། ན་རོ་པའི་མན་ངག་ཏུ་གུང་མཐུན་པའི་ཡིད་ཆེས་ཅན་ཡིན་ཞེས་རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་གི་ཁྲིད་རྒྱའི་ལམ་རྒྱུས་སུ་འབྱུང་ངོ་། །མར་དོ་དེ་ལ་སློབ་བརྒྱུད་ཟེ་བ་ཇོ་བདེ་ཟེ་བ་ཇོ་འབུམ། ཅོག་རོ་ཆོས་རྒྱལ་སོགས་མང་དུ་བྱུང་བའི་ཟེ་བ་ལ། ལྷོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་སོགས་ལ་ཡག་པ་མང་དུ་བྱུང་། ཅོག་རོ་ཆོས་རྒྱལ་བ་འདི་ཁམས་ནས་འབྱོན་དུས། ཕ་མ་ཕུ་ནུ། ཡུལ་མི་འབྲེལ་ཡོད་ཀུན་གྱིས་གསེར་མང་པོ་བསྐུར། ལྷག་པར་མ་དེས་གསེར་གྱི་ཐུར་མ་གཡུའི་ཕྲ་ཡོད་པ་ཞིག་ཆོས་རྒྱགས་ལ་ཆེད་ཀྱིས་བསྐུར་ནས་དབུས་གཙང་ལ་བྱོན། ཡར་འབྲོག་ཏུ་ཡུན་རིང་བཞུགས། མར་དོ་ཆོས་ཀྱི་དབང་ཕྱུག་ལ་ལོ་བཅུ་གཉིས་དབུ་སྔས་སྦྲེལ་ཏེ། བདེ་མཆོག་དང་འབྲེལ་བའི་རྒྱུད་མན་ངག་མ་ལུས་པ་གསན། རྒྱུད་ལ་མར་དོའི་གསུང་བཞིན་བཤད་ཊིཀ་ཀྱང་མཛད། འདི་ལ་ཕྱིས་སུ་བུ་སྟོན་རིན་པོ་ཆེས་བོད་དུ་བྱུང་བའི་བདེ་མཆོག་གི་ཊིཀྐ་ཅིག་ལ་བཟང་གསུངས་བསྔགས་པ་དཔག་མེད་མཛད། རྗེ་ཙོང་ཁ་པའི་ཊིཀྐ་ཡང་འདི་འཇེབས་བཤུས་ཡིན་པར་བཤད། དེ་ལྟར་ཅོག་རོ་ཆོས་ཀྱིས་ཐུགས་ཚིམ་པའི་སྐབས། མར་དོའི་སྲས་ཇོ་སྲས་ནམ་མཁའ་འོད་བྱ་བས་ཅོག་རོའི་ཕྱག་གི་གསེར་ཐུར་དེ་གཟིགས་པས་ཐུགས་སོང་ནས། ཅོག་རོ་ལ་ཁྱོད་དག་མན་ངག་གི་ཨེ་ཚིམ་འདུག་སྟེ། གདམས་པའི་སྙིང་པོ་རིམ་བཞི་ལག་ཏུ་བླང་བའི་དམར་ཁྲིད་མ་ཐོབ་འདུག་པ། བླ་མ་ལ་གསེར་ཐུར་འདི་ཕུལ་ལ་ཞུས་གསུངས་པས། ཅོག་རོས་ཚོགས་འཁོར་བཟང་བ་ཞིག་བཤམས་པའི་སྟེང་དུ་གསེར་ཐུར་གཡུ་ཕྲ་མ་དེ་ཕུལ། རིམ་བཞི་