[A:༧༡བ]མིན། །གཉིས་སུ་མེད་དང་ཐོགས་མེད་པ། །དམ་ཚིག་སྤྱོད་པ་སྤྱད་པ་དང་། །བུད་མེད་དབང་ཕྱུག་ལེགས་སྤྱད་ཅིང་། །ཚངས་སྤྱོད་བསམ་གཏན་དེ་བཞིན་ནོ། །ཁྲོ་མེད་རྒྱུན་གྱི་ཀུན་སྤྱོད་པ། །འདི་བརྒྱད་དམ་ཚིག་ཀུན་སྤྱོད་ཡིན། །ཞེས་གསུངས་པ་ལྟར་མི་བསྐྱོད་པ་ལ་གཡུང་མོ་དང་། རྣམ་སྣང་ལ་བྲམ་ཟེ་མ་ལ་སོགས་པ་རིགས་མཐུན་གྱི་ཕྱག་རྒྱ་བསྟེན་དགོས་པ་ལ། དེ་སྤངས་ནས་རིགས་མི་མཐུན་གྱི་ཕྱག་རྒྱ་བསྟེན་ན་དང་པོའོ། བསྟེན་པ་དེ་ཡང་སྦྱོར་བ་འདུ་ཤེས་གསུམ་ལྡན་ལ་སོགས་པའི་ཐབས་ཁྱད་པར་ཅན་གྱིས་བསྟེན་པར་བྱ་ཡིས། ཐ་མལ་གྱི་འདོད་ཆགས་ཀྱིས་བསྟེན་ན་གཉིས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལས་མི་གཡོ་བས་བདག་གཞན་གཉིས་མེད་དུ་རྟོགས་པའི་དེ་ཁོ་ན་ཉིད་དང་བྲལ་བས་བསྟེན་ན་གསུམ་པར་འགྱུར་རོ། །མི་གཡོ་བ་ནི། རིགས་མི་མཐུན་གྱི་ཕྱག་རྒྱ་མི་བསྟེན་པ་དང་། ཐ་མལ་གྱི་འདོད་ཆགས་ཀྱི་མི་གཡོ་བ་གཉིས་བཟུང་ངོ་། །བདག་གཞན་གཉིས་མེད་པ་ནི། རང་གཞན་གཉིས་ཀ་ལ་ཕན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་བསྟེན་པའོ། །གཉིས་སུ་མེད་དང་ཐོགས་མེད་ནི། ཕྱག་རྒྱ་བསྟེན་པའི་ཚེ་རྒྱལ་རིགས་ལ་སོགས་པ་ནི་རིགས་བཟང་། གཡུང་མོ་ལ་སོགས་པ་ནི་རིགས་ངན་སྙམ་པའི་བཟང་ངན་དང་། དགག་བསྒྲུབ་ཀྱི་བློ་སྤངས་ནས་ཐོགས་མེད་དུ་བསྟེན་པའོ། །དམ་ཚིག་སྤྱད་པ་ནི་དབང་གསུམ་པའི་དུས་ཀྱི་བདེ་སྟོང་གི་ཡེ་ཤེས་རྟོགས་པའི་ཕྱིར་དུ་སྤྱོད་པའོ། །བུད་མེད་དབང་ཕྱུག་ནི། མ་དང་སྲིང་མོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱག་རྒྱ་བསྟེན་པའོ། །ཚངས་སྤྱོད་ནི། ཕྱག་རྒྱ་བསྟེན་པ་