R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༤བ
[A:༧༤བ]ཀྱིས་མི་ཤ་རིད་པ་དང་ཤི་བ་སོགས་མཐོང་ནས། མུ་གེ་ཆེན་པོ་བྱུང་འདུག་པ་ལ་དགེ་འདུན་གྱི་གདུགས་ཚོད་སུས་སྦྱར་འདྲི་བ་ལ། སྔར་གྱི་ཚུལ་ཞུས་པས་དགེ་འདུན་ལ་མ་ཞུས་པར་དགེ་འདུན་ལོག་འཚོ་ལ་བཀོད་འདུག་པས། གནས་ནས་ཕྱུང་ལ་གཙུག་ལག་ཁང་དང་། མཆོད་རྟེན་བྱེ་བ་གྱིས་ཤིག་ཅེས་བསྒོའོ། །དེ་ནས་འཇིག་རྟེན་དང་དེ་ལས་འདས་པའི་དངོས་གྲུབ་བསྒྲུབས་པས་ཐོབ་སྟེ། དེའི་ཚེ་དགེ་སློང་བདེ་བྱེད་ཅེས་བྱ་བས། རིགས་པའི་རྒྱལ་མཚན་ཞེས་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་ནས་ཐམས་ཅད་སུན་ཕྱུང་བ་ན། དེ་འདུལ་བའི་ཕྱིར་ན་ལེནྟྲར་ཆོས་གསུང་བའི་ཚེ་བྱིས་པ་གཉིས་ཆོས་ཉན་ཅིང་ས་འོག་ཏུ་སོང་བ་ལ། སུ་ཡིན་གསུངས་པས། ཀླུ་ཡིན་ཟེར། གནོད་སྦྱིན་གྱི་འདམ་ཁྱེར་ལ་ཤོག་གསུངས་པས། དེ་དག་གིས་ཀླུའི་རྒྱལ་པོ་ལ་ཞུས་པས། སྤྱན་དྲོངས་ཟེར་ནས་སྤྱན་དྲངས་པས་ཀླུ་ཡུལ་དུ་གཤེགས་ཆོས་གསུངས། དེར་ཡུན་རིང་དུ་བཞུགས་པར་ཞུས་པས། མཆོད་རྟེན་བྱེ་བ་བཞེངས་པའི་འདམ་འཚོལ་བ་དང་། འབུམ་གདན་འདྲེན་དུ་འོངས་ཀྱི་བསྡད་མི་ཁོམ། ཕྱིས་ནས་འོངས་སྲིད་གསུངས། འདམ་མང་པོ་དང་། འབུམ་དང་ཡི་གེ་ཉུང་ངུ་ཡང་གདན་དྲངས། འབུམ་གྱི་མཇུག་ནས་བག་ཙམ་ཞིག་ཀླུས་མ་བསྐུར་ཞེས་གྲགས་སོ། །དེ་ནས་འདམ་དེས་མཆོད་རྟེན་མང་པོ་བྱས། འགའ་ཞིག་ཀླུ་ཡུལ་དུ་མི་བཞུགས་པའི་ཕྱིར་མ་མཛད་དེ། ཀླུ་སྒྲུབ་ཅེས་གྲགས། དེ་ནས་སྒྲ་མི་སྙན་དུ་གཤེགས་པའི་ལམ་གྲོང་ཁྱེར་པ་ལ་མ་ནར། བྱིས་པ་ཛི་ཏ་ཀའི་ལག་རིས་ལ་གཟིགས་ཏེ་རྒྱལ་པོར་ལུང་བསྟན་ཏེ། སྒྲ་མི་སྙན་དུ་བྱོན་ནས་དེར་ན་བཟའ་ཤིང་ལ་བཀལ་ཏེ་ཁྲུས་མཛད་