R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༥བ
[A:༧༥བ]བསླངས་པས་ཆོད་གསུངས། རལ་གྲིས་མ་ཆོད་པ་ན། སློབ་དཔོན་གྱིས། ངས་ཀུ་ཤ་བཅད་པས་སྐྱེ་བ་བཅད་པའི་ལྟུང་བྱེད་ཀྱི་ལས་ཀྱི་ལྷག་མ་ཡོད་པས་ཀུ་ཤས་ཆོད་གསུངས་བཅད་པས། སྐེའི་རྩེ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །བྱོན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་པའི་ཚིག་བཅད་བྱུང་། དེས་དབུ་ཁྱེར་ནས་ཡོང་བ་ན་གནོད་སྦྱིན་མས་འཕྲོགས་ཏེ་དཔག་ཚད་ཅིག་གི་སར་དོར་བས། སྐུ་དང་དབུ་གཉིས་ཀ་མ་ཉམས་པར་ལོ་རེ་བཞིན་ཇེ་ཉེར་སོང་སྟེ་མཐར་འགྲིགས་ཏེ་འགྲོ་བའི་དོན་མང་དུ་མཛད་ཅེས་བུ་སྟོན་ཆོས་འབྱུང་སོགས་ལོ་རྒྱུས་ཕལ་ཆེར་ལས་འབྱུང་ཞིང་། ཡང་འགའ་ཞིག་ལས། བྲམ་ཟེ་ཞིག་གིས་དབུ་བསླངས་པས། རལ་གྲི་ཉི་མའི་འོད་ཟེར་གྱིས་བཅད་པས་མ་ཆོད་ནས་རྩྭས་བཅད་ཅེས་པ་དང་། ཁ་ཅིག་ལས། སློབ་དཔོན་ཡབ་སྲས་ཀྱི་ཚེའི་མཁན་མོ་ཆུ་གསེབ་ཏུ་བཞུགས་པ་ལ། ཚེའི་དངོས་གྲུབ་ཞུས་པས། སློབ་དཔོན་གྱིས་མ་ཐར་བ་ལ་འཕགས་པ་ལྷས་ཆུའི་སྟེང་དུ་རྩྭའི་ལྷས་མ་ལ་རྡོ་རྗེའི་ཐག་པ་བཏགས་ནས་དྲངས། སློབ་དཔོན་གྱིས་མ་གོ་བའི་ཚེ། འཕགས་པ་ལྷས་བསད་ཅིང་བཀྲོལ། ཚེའི་བུམ་ཆུ་ས་ར་ཧ་ལ་ཕུལ་བས། ས་ལ་ཕོ་བ་ན། བླ་མས་བདག་གི་ཚེ་བསྲིངས་པའི་ལན་དུ་བདག་གིས་ཀྱང་བླ་མའི་སྐུ་ཚེ་བསྲིང་བ་ལགས་པས་དེ་མ་ལེགས་གསུངས་པས། ང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ་ལ་འཆི་བ་མེད་གསུངས་ཞེས་པ་ཡང་འབྱུང་ལ། ཡང་སྔོན་གྱི་གཏམ་རྒྱུད་གཞན་དག་ལས་ནི་འདི་ལྟར་ཡང་བཤད་དེ། རྒྱ་གར་ལྷོ་ཕྱོགས་ཀྱི་ཆུ་རྒྱུན་མུན་རུམ་ཏེ་ཞེས་པ་ལ་བརྟེན་