[A:༧༦བ]ཁྱོད་ཀྱིས་ཁོ་ཉིན་མཚན་ཐོག་ཐག་སློབ་པ་མ་མཐོང་ངམ། ཁྱོད་ཀྱིས་ནོར་དང་སྨན་སྤྱད་ཐོབ་པར་ག་ལ་འགྱུར། ཞེས་སྨྲས་ཤིང་བུ་ཁྲིད་དེ་ཕའི་གམ་དུ་སོང་བ་དང་། བསོད་ནམས་འཕགས་སྔ་ནས་འཁོད་དེ། གཏམ་དེ་ཐོས་ནས་ཀྱང་ཡིད་བདེ་བར་འདུག་གོ །དེ་ནས་བུ་གཉིས་བརྩད་པས། བློ་གྲོས་འཕགས་རྒྱལ་ཡང་ནོར་དང་སྨན་སྤྱད་ཅིག་ཤོས་ལ་བྱིན་ནོ། །བློ་གྲོས་འཕགས་ཀྱིས་ཕུ་བོའི་རྟོག་པ་བསྙིལ་ནས། ཕའི་ང་རྒྱལ་གཞོམ་པའི་ཕྱིར་སྨན་གྱི་བསྟན་བཅོས་དུ་མ་ཞིག་མཛད་པས། ཕ་ངོ་ཚ་བའི་རིན་དུ་བུ་གཞན་དུ་བསྐྲད་དོ། །དེས་ཀྱང་ཕ་མ་ལ་ཞེ་ས་བྱས་ཏེ། ཤྲཱི་ན་ལེནྡྲར་སོང་པ་ན། དགེ་སློང་ཅིག་དྲག་ཤུལ་ཅན་གྱི་མདོ་ཀློག་པ་ཉན་པས། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཉེས་དམིགས་དང་ཕན་ཡོན་གསན་པས་རིགས་སད་དེ། མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལ་བསྙེན་པར་རྫོགས་ནས་བློ་གྲོས་བཟང་པོ་ཞེས་གྲགས་སོ། །དེ་ནས་ལོ་གསུམ་དུ་རྨ་བྱ་ཆེན་མོའི་རིག་སྔགས་བསྒྲུབས་པས་ཐོབ་སྟེ། ལི་ཁ་ར་ཤིང་འཕེལ་དུ་བྱོན་པ་ན། མགར་བ་ཞིག་གིས་ཁྱིམ་དུ་སྤྱན་དྲངས་ཏེ་གཡོས་སྐོལ་བྱེད་པའི་བར་དུ་བཞུགས་པས། གསེར་འགྱུར་གྱི་རྩིའི་བཟོ་ལས་གཟིགས་པ་ཙམ་གྱིས་མཁྱེན། དེ་ནས་རེ་ཞིག་ན་དེ་ལ་ན་ལེནྡྲའི་གཙང་སྦྱོར་བསྐོས་ནས་མཁན་པོ་ནགས་སུ་བཞུད་དོ། །ཟླ་བ་དྲུག་འདས་ཏེ་གཙང་སྦྱོར་གྱི་རེས་འཁོར་ནས་མཁན་པོ་སྤྱན་དྲངས་ལམ་དུ་འགྲོགས་ཏེ་འོངས་པ་ན། མི་དག་ཤི་བའི་ཤ་རུས་སྣང་བ་ཅི་ཡིན་དྲིས་པ་ལ། དབྱར་ཧྲིལ་པོ་མུ་གེ་བྱུང་བའོ་སྨྲས་པས། འོ་ན་དགེ་འདུན་ཅིས་འཚོ་ཟེར་བ་ལ། ཁོ་བོས་