[A:༨༣ན]མངོན་པར་རྟོགས་པ་གནང་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོས་གྲོང་ཁྱེར་དེར་བྱོན་ནས་ཁྱིམ་བདག་གི་འབྲས་བརྡུངས་ཏེ། དེ་ལ་བལྟས་པས་འབྲས་ཀྱི་སོ་བ་དང་ཕུབ་མ་ཇེ་ཉུང་དུ་སོང་། འབྲས་འཁར་མ་ཇེ་གསལ་ལ་འགྲོ་བ་མཐོང་སྟེ། དེ་བཞིན་དུ་ཡང་དག་པའི་གདམས་ངག་གིས་མཚན་མ་དང་རྣམ་རྟོག་སྦྱངས་པས་ཇེ་ཉུང་དུ་འགྲོ། གཉུག་མའི་ཡེ་ཤེས་ཇེ་གསལ་ལ་འགྲོ་བར་རྟོགས་ནས་དེ་ལ་ཐུགས་གཏད་པའི་རིང་ལ་ཕུག་རོན་གྱིས་འབྲས་བསྡུས་ནས་ཉུང་དུ་སོང་བས། ཇོ་མོས་རྒོལ་གྱིས་དོགས་ནས་གཞན་གྱི་འབྲས་བརྐུས་པས། ནམ་མཁར་དངོས་གྲུབ་རིང་དུ་གྱུར་ཏོ་ཞེས་པའི་སྒྲ་བྱུང་། དེ་བཞིན་དུ་སྒྲུབ་པ་སྙིང་པོར་བྱས་པས། ལན་ཅིག་སྒོ་འགྲམ་ན་ཡོད་པ་ལ་ཇོ་མོས་འོད་སྐོར་རེ་འདུག་པར་མཐོང་ནས། དད་པ་སྐྱེས་ཏེ་ཁྱོད་འབྲས་མ་བརྡུངས་པར་སྒྲུབ་པ་སྙིང་པོར་གྱིས་ཤིག འཚོ་བ་ངས་སྦྱིན་གྱིས་ཟེར་བ་ལ། ང་ལ་ཡོན་ཏན་གྱི་ཁྱད་པར་གང་ཡང་མེད་གསུངས་ནས་ཞག་འགའ་འོད་དེ་མེད་པར་བྱས་སོ། །དེ་ནས་སྐབས་སུ་གླུ་ལེན་པ་ནི། གང་ཞིག་ཡིད་ལ་མི་བྱེད་སོ་བ་ནི། །ཡིད་རྨོངས་བྱེད་པའི་སོ་བའི་ཕྱེ་མ་དག །དེ་ནི་གྲུས་པས་སོ་ཕྱེ་དེ་གསལ་བྱེད། །དེ་ཡི་ལྷན་ཅིག་སྐྱེས་པའི་འདོད་པ་དག །ཇི་ལྟར་འཇུག་པར་གསལ་བར་བྱས་པ་སྟེ། །རིང་དུ་འགྲོ་འདོད་པ་ནི་འབྲས་བརྡུངས་པའོ། །ཕུབ་མེད་ཆུ་ཡང་མེད་ཅིང་ཤིང་མེད་རྩ་བ་མེད། །ཡེ་ཤེས་ཆེན་པོ་འདིས་ནི་འགྲམ་གཉིས་ཐོབ་པར་འགྱུར། །ཡུལ་རྣམས་བསྡོམས་ནས་ང་ཡིས་གཅིག་ཏུ་བྱས། །རླུང་གི་ཐག་པས་རོ་མཉམ་དྲང་བར་སླའོ། །སོ་