R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༣བ
[A:༨༣བ]བ་མེད་ཅིང་འབྲས་རྣམས་མེད་ཀྱང་ནི། །དུས་རྣམས་ཀུན་ཏུ་ང་ནི་འབྲས་བརྡུངས་པའོ། །ཞེས་གསུངས་སོ། །དེས་ན་འབྲས་བརྡུངས་པའི་མིང་ལ་ཌེཾ་ཀི་པ་ཟེར་བས་ན་འདི་ལ་ཌེཾ་ཀི་པ་ཞེས་བྱ་ལ། དེ་ནས་ཀུན་གྱིས་གྲུབ་པ་ཐོབ་པ་ཤེས་ནས་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ། དེ་དག་ལ་ཡང་དག་པའི་གདམས་ངག་གནང་བས། ཙ་རི་ཏྲ་པ་ཏའི་མི་ཕྱུགས་དང་བཅས་པས་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་བོ། །བློན་པོས་ཀྱང་ཀཉྩི་ན་ག་རར་ཕྱིན་ནས་སྨད་འཚོང་མའི་གྲོང་དུ་གོ་བླའི་འཚོ་བ་ལ་བརྟེན་ནས་སྒྲུབ་པ་སྙིང་པོར་བྱས་པས་མཆོག་གྲུབ་སྟེ། ཀཉྩི་ན་ག་རའི་གྲོང་ཁྱེར་བ་དག་གིས་ཀྱང་དངོས་གྲུབ་ཐོབ་བོ། །དེ་ནས་སློབ་དཔོན་གྱིས་དངོས་གྲུབ་ཐོབ་པའི་རྟེན་འབྲེལ་དུ་གཟིགས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྨད་འཚོང་མ་ཞིག་གི་ཁོལ་པོ་མཛད་པས། ནངས་ཤིག་སྨད་འཚོང་མ་དེས་སྐྱེས་པ་གཞན་ཞིག་དང་ཉལ་པོའི་དུས་བྱས་པས་སྐྱེས་པ་དེ་མ་བྱུང་པར་ལོག་པ་ན། འོད་ཆེན་པོ་ཅིག་གིས་ཡུལ་ཕྱོགས་སྣང་བར་བྱས་པ་མཐོང་ནས། གར་འགྲོ་བལྟས་པས་མོ་རང་གི་ཁྱིམ་དུ་སོང་བ་མཐོང་ནས་ཁྱིམ་དུ་ཕྱིན་ཙ་ན་ཁོལ་པོའི་སྙིང་ཁར་ཐིམ་པ་ན། འདི་ཁྱད་པར་ཅན་ཞིག་འདུག་སྙམ། དེའི་གམ་དུ་ཕྱིན་ནས་ཕྱག་རྒྱ་མ་བྱས་པས་གཉིས་ཀས་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་བོ། །དེས་ན་སྨད་འཚོང་མའི་ཁྱོ་བྱས་པས་དྷ་རི་ཀ་པ་ཞེས་གྲགས་ཏེ། དྷ་རི་ཀ་པ་ནི་སྨད་འཚོང་མའི་ཁྱོའི་མིང་ངོ་། །དེར་མི་ཐམས་ཅད་ཀྱིས་ཁོང་གཉིས་ཀྱི་གཡོག་བྱས། ཟས་ཀྱི་ཕུད་ཀྱིས་བསྙེན་བཀུར་བྱས་པས་དེ་དག་གིས་ཀྱང་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་བོ། །ཞེས་ཀུན་མཁྱེན་ཆེན་པོའི་བདེ་མཆོག་ཆོས་