R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༥བ
[A:༡༠༥བ]དེ་དག་ལ་ངའི་ཕྱི་ལ་ཤོག་ལམ་རྒྱུས་ང་ལ་ཡོད་པ་ཡིན་གསུངས་པས། ཕལ་ཆེར་བྱུང་། འགའ་ཞིག་ལངས་ནས་དེ་གར་འདུག འོག་ཏུ་གཡང་ས་ཆེན་པོ་བྱས་པའི་སྟེང་ན་ལམ་ཞིག་འདུག་པ་ལ་བྱོན་ནས་ཡར་ཤོག་གསུངས་པས་མི་བརྒྱ་ཙམ་ཕྱི་ན་ཡར་བྱུང་། འགའ་ཞིག་གུང་ཐང་དུ་འགྲོ་ཟེར་གཞན་དུ་སོང་། མང་པོ་ཞིག་ངེད་ཀྱིས་མི་ཐར་ཟེར་བྲག་ཐེམ་གྱི་རྩ་དེར་བསྡད། གཅིག་རྦབ་ཏུ་ལྷུང་མ་ཤིའམ་གསུངས་པས་མ་ཤི་ཟེར། དེ་ནས་ཡར་བྱོན་པའི་བྱང་ངོས་ན་རི་ཟུར་ཟུག་པོ་ཞིག་བྱས་ཏེ་ལ་ཡང་ལམ་ཞིག་དང་། ཤར་ངོས་ན་གོང་ཉག་གཅིག་ལ་ལམ་ཞིག་འདུག་པ་ལ། བྱང་གི་འདི་བླ་ཆེན་གྱིས་བྱང་ཆུབ་སེམས་དཔའ་སྟག་བཏང་བའི་ལམ་ཡིན། ཤར་གྱི་འདི་ཞུ་ཡས་བཏང་པའི་ལམ་ཡིན། ཁྱེད་རང་བྱང་ལམ་ལ་འགྲོ་འདོད་རྣམས་སོང་། ངས་མི་ཐར་བས་ཤར་ལམ་ལ་འགྲོ། ཁྱེད་རང་འགྲོ་འདོད་ཡོད་པ་དག་ཀྱང་ཤོག་གསུངས་ཏེ། སྐས་དེ་ལ་འཛེགས་པས། སུམ་ཅུ་རྩ་དྲུག་ཙམ་ཕྱི་ལ་བྱུང་། སུམ་ཅུ་ཙམ་གྱིས་མ་ཐར་བ་རྣམས་ལ་ཡར་ཤོག་གསུངས་ཏེ་ན་བཟའ་ཐེར་མ་རྐྱང་ཞིག་གསོལ་ཏེ་བྱོན་པས་ཉག་དེར་བྱོན། ཕྱི་ལ་ངོ་ཤེས་པ་དགའ་སྟོན་དང་གཞན་ལྔ་དྲུག་ཙམ་བྱུང་། དེའི་རྒྱབ་ན་ས་ཕྱོགས་དཀར་ལ་སྣུམ་པ་ཡོད་ཟེར་ནས་བྱོན་པས་མནལ་སད། དེའི་དོན་ཡང་འོག་གི་རྣམས་སྲིད་པའི་རྒྱ་མཚོ། སྟེང་མ་རྣམས་འཁོར། ལང་པ་རྣམས་དབང་བསྐུར་ཐོབ་པ། གུང་ཐང་དུ་སོང་བ་རྣམས་རེ་ཞིག་འཁོར་བ་ལས་མི་ཐོན་པ། རྦབ་ཏུ་ཤོར་བ་དེ་རྗེ་