R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༥ན
[A:༡༠༥ན]མནལ་སད་པ་ན་མ་དྲན་གསུངས། དེ་ནས་བོད་གཅུང་གི་ཕུ་བྱང་དུ་བསྟན་པའི་མདའ་བྱེ་ཚུལ་ལྡང་པའི་དགོན་པ་ཞིག་ཏུ་སྔགས་པ་བགྲེས་པོ་ཞིག་ཏུ་འཁྲུངས་ནས་མཚན་བརྗོད་ཀྱི་བཤད་པ་སྔགས་དོན་རྣམ་གཟིགས་ཀྱི་སྟེང་ནས་མང་དུ་བཤད་པ་དང་། འགྲེལ་པ་དེའི་དབུ་ན། ཐོབ་དཀའ་རྒྱུ་དང་བཅས་པ་ཡི། །མཚན་གྱི་དོན་རྣམས་བསྡུས་པ་ཡིན། །བྱ་བ་ཡོད་པ་ཡང་གསལ་བར་དྲན་པ་སོགས་སྤྱིར་སྐུའི་སྐྱེ་བ་བདུན་ཙམ་དྲན་ཞེས་རྗེ་བཙུན་ཉིད་ཀྱི་མནལ་གྱི་འོད་གསལ་གྱི་གསུང་ལས་འབྱུང་བ་ཡིན་ནོ། །དགུང་ལོ་སོ་བདུན་བཞེས་པའི་ཚེ། སློབ་དཔོན་རིན་པོ་ཆེའི་གདུང་ཁང་ནས། ཁྱོད་འདི་ནས་བྱང་ཕྱོགས་སུ་ཞིང་ཁམས་དཔག་ཏུ་མེད་པ་འདས་པ་ན་འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་ཅན་ཞེས་བྱ་བར་དེ་བཞིན་གཤེགས་པ་གསེར་འོད་རྣམ་པར་བརྩེན་པ་ཞེས་བྱ་བའི་བསྟན་པ་ལ། ད་ལྟ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བསོད་ནམས་མཐའ་ཡས་ཞེས་བྱ་བ་བཞུགས། དེའི་སྲས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡོན་ཏན་མཐའ་ཡས་སུ་སྐྱེའོ་ཞེས་ལུང་བསྟན་པའི་ཚིག་རང་གྲག་ཏུ་བྱུང་བ་དང་། དགུང་ལོ་ཞེ་དགུ་པའི་ཚེ་མནལ་ལམ་དུ་ཁང་པ་ཞིག་གི་འོག་ཏུ་མི་མང་པོ་ཀུ་ཅོ་དིར་རེ་བ་དང་སྟེང་ན་ཡང་མི་མང་པོ་ཞིག་འདུག་པའི་དབུས་ན་བླ་མ་ཡབ་སྲས་བཞུགས་པའི་དྲུང་ནས་གཞན་ཞིག་ཏུ་བཞུད་དགོངས་ཙ་ན། བླ་མ་ཡབ་སྲས་ཀྱིས་བཞུད་པའི་ལམ་བསྟན་ནས་མི་སྣང་བར་གྱུར། མི་