[A:༡༠༧ན]དང་བཅོ་ལྔ་ལོན་པའི་ཚེ་བལྟམས། འཁྲུངས་མ་ཐག་སཾསྐྲྀ་ཏའི་གསུང་ཐོགས་མེད་དུ་སྨྲས། དགུང་ལོ་བཅོ་ལྔ་ཡན་ཆད་དུ་རྗེ་བཙུན་ཆེན་པོའི་དྲུང་དུ་རྗེ་བཙུན་ས་སྐྱ་པ་རང་ལུགས་ཀྱི་མདོ་སྔགས་ཀྱི་ཟབ་གནད་ཡོངས་སུ་རྫོགས་པར་ནོད། བཅུ་དགུ་པའི་ཚེ་ཨ་ཕྱི་མཆོད་རྟེན་ཆེན་པོའི་དྲུང་དུ་མཁས་མཆོག་དབྱིག་གཉེན་ལ་འོད་གསལ་གྱི་ངང་དུ་ཆོས་མངོན་པ་མཛོད་གསན། ཡང་འོད་གསལ་གྱི་ངང་དུ་རྒྱ་གར་ཤར་ཕྱོགས་སུ་ཕྱོགས་ཀྱི་གླང་པོའི་གདན་སེང་གེའི་ཁྲི་ལ་འཁོད། གླེགས་བམ་མང་པོའི་ལྡེ་མིག་བཟུང་། འཕྲང་དུ་ཞུ་སྟོན་རྡོ་རྗེ་སྐྱབས་ལ་བྱམས་ཆོས་སོགས་ལུང་གི་སྐོར་རྣམས། ཉི་ཤུ་པ་ལ་རྨ་བྱ་བྱང་བརྩོན་དང་། གཙང་ནག་པ་བརྩོན་འགྲུས་སེང་གེའི་དངོས་སློབ་ཚུལ་སྟོན་གཞོན་སེང་ལ་བོད་བགྲེས་པོ་ལས་བྱུང་བའི་ཚད་མའི་སྐོར། ཆ་པའི་སེང་ཆེན་བརྒྱད་ཀྱི་བརྩེགས་པ་དབང་ཕྱུག་སེང་གེ་ལ་བོད་ལ་གྲགས་པའི་གྲུབ་མཐའ་བཞིའི་ཆོས་ཇི་སྙེད་པ། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ལ་བོད་ལ་གྲགས་པའི་ཞི་བྱེད་རྫོགས་བྱེད་སྤྱོད་བཀའ་གདམས་ངག་ལ་སོགས་པ་ཇི་སྙེད་པ་ཁོང་དུ་ཆུད་པར་མཛད། ཉེར་གསུམ་པ་ལ་ཁ་ཆེ་པཎ་ཆེན་དང་མཇལ། དེ་ཉིད་སློབ་ཚོགས་དང་བཅས་པར་བོད་བགྲེས་པོའི་འདྲེས་ཀྱིས་མ་བསླད་པའི་ཚད་མ་ལ་སོགས་པ་རིག་གནས་ དེ་བཅུ་བཞིའི་བསྡུས་པའི་ཟབ་བཅུད་ཐམས་ཅད་ནོད་པར་མཛད་པས་ས་པཎྜི་ཏ་