[A:༡༠༧བ]ཞེས་སྙན་པར་གྲགས།
དགུང་ལོ་ཉེར་བདུན་བཞེས་པའི་ཚེ། ཁ་ཆེ་པན་ཆེན་གྱིས་མཁན་པོ། སྤྱི་བོ་ལྷས་པས་སློབ་དཔོན། དོན་མོ་རི་པས་གསང་སྟོན་བྱས་ཏེ་བསྙེན་པར་རྫོགས་ཏེ་སུམ་ཅུ་རྩ་ལྔའི་བར་དུ་གྲགས་པའི་གསུང་གི་བདུད་རྩི་གསོལ་ཞིང་། ཁྱད་པར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ཕྱི་ནང་གི་རྟེན་འབྲེལ་རང་འགྲིག་རྟོགས་པའི་ཡོན་ཏན་མཆོག་ཏུ་འཁྲུངས། སོ་བརྒྱད་པ་ཙམ་གྱི་ཚེ་ཚད་མའི་བསྟན་བཅོས་ཆེན་པོ་རིགས་གཏེར་བརྩམས། འདི་རྒྱ་གར་འཕགས་པའི་ཡུལ་དུའང་འགྱུར། ལྔ་བཅུ་རྩ་གཅིག་ཙམ་གྱི་ཚེ་སྡོམ་གསུམ་རབ་དབྱེ་བྱ་བའི་བསྟན་བཅོས་ཆེན་པོ་འདི་བརྩམས་རྒྱ་བོད་ཀྱི་གླེགས་བམ་གཅིག་པུ་ལྟ་བུར་གྱུར། ང་དགུ་པའི་ཚེ་སྐྱིད་གྲོང་གི་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་འདབ་འབྱོར་བའི་དཔལ་གྱི་གནས་སུ། འཕྲོག་བྱེད་དགའ་བོ་ལ་སོགས་པའི་ཕྱི་རོལ་པའི་སྟོན་པ་དྲུག་ལུང་རིགས་ཀྱིས་ཚར་བཅད་དེ་རྒྱལ་བའི་བསྟན་པ་ལ་བཅུག གང་གི་སྙན་པའི་གྲགས་དཀར་གྱིས་འཛམ་བུ་གླིང་མ་ལུས་པ་ཁྱབ་པས། རེ་གསུམ་པའི་ཚེ་བྱང་སེམས་ཀྱི་སྤྲུལ་པ་རྒྱ་ནག་མཐའི་རྒྱལ་པོ་གོ་དན་གྱིས་སྤྱན་དྲངས། རེ་ལྔ་པ་ལ་ལིང་ཆུ་རྩེར་ཕེབས། རྒྱལ་པོས་ཆོས་རྗེ་པའི་ཉམས་སད་པའི་ཕྱིར་སྒྱུ་མས་སྤྲུལ་པའི་གཙུག་ལག་ཁང་དུ་སྤྱན་དྲངས་པའི་ཚེ། ཏིང་ངེ་འཛིན་གྱི་མཐུས་བརྟན་པར་བཞུགས་སུ་གསོལ་ཏེ། བྱང་