[A:༡༡༢བ]དྲུང་དོན་ཡོད་པ་གཤེགས་ཡོད་འདུག བཞུགས་ཁྲིའི་ཁེབ་གསོལ། མཆོད་བཤོམ་གྱིས་གསུངས། ཐུགས་དམ་དང་དབང་བསྐུར་མཛད། ནངས་པར་ཐུགས་དམ་འདོགས་བསྐྱེལ་མི་བྱུང་། དེ་དུས་བྲག་ཕུག་ན་འཇམ་དབྱངས་འདིའི་ཆོས་ཁྲི་ཞིག་ཡོད་པ་དེར་མེ་ཏོག་གི་ཆར་ལག་པས་བཟུང་དུ་ཡོད་པ་བབས་སོ། །དཔལ་ལྡན་བླ་མ་དམ་པ་ལ་ས་སྐྱ་པ་སྔར་བྱུང་དང་མ་འོངས་པ་འབྱུང་འགྱུར་དུ་མའི་ལུང་བསྟན་དང་། ཁྱད་པར་དྲུང་པ་ལ་ཧོར་གྱི་གདན་འདྲེན་ཡོང་བ་འདུག་སྟེ། བྱོན་ནའང་འགྲོ་དོན་ཆེན་པོ་འོངས། འོན་ཀྱང་སྐུ་ཚེ་ཐུང་བར་འདུག འབྱོན་མི་འབྱོན་ཁྱེད་རང་ལ་དབང་ཡོང་བར་གདའ་གསུངས་པ་ཡང་ཇི་ལྟ་བ་བཞིན་བྱུང་བས། ཆོས་རྗེའི་ཞལ་ནས། བླ་མ་འདི་ནི་ས་སྐྱ་པའི་བརྒྱུད་པ་གཞན་ལས་ཁ་གཙང་བ་རྣམ་པར་དག་པ་ཞིག་འདུག་པས། ངས་ས་སྐྱ་པའི་ཆོས་གཞན་དུ་ཐོབ་པ་དག་ཀྱང་འདི་ལ་བསྐྱར་ནས་ཞུས་གསུངས། གཞན་ཡང་བླ་མ་རིན་ཆེན་སེང་གེ་བྱ་བས་རྗེ་འདིའི་མཆོད་གཡོག་རྒྱུན་དུ་བྱེད་ཀྱིན་ཡོད་པ་ལ། དམ་རྫས་རིལ་བུ་སྒྲུབ་པ་ཞིག་གི་དུས་ཁོང་སྙུངས་ནས་ངས་འདིའི་ཕྱག་ཕྱི་མི་ཕེར་བ་འདྲ་སྙམ་པ་ན། དེ་མཁྱེན་ནས་ཁྱེད་རང་སྒྲུབ་པ་ལ་ཞུགས་པས་ཆོག ན་བ་དེས་མི་སྐྱོན་གསུངས་པ་བཞིན་དེའི་ནངས་པར་ཕན་པ་དང་། བླ་མ་ཚུལ་ཁྲིམས་གཞོན་ནུ་རླུང་ཧགས་ནས་ཤིན་ཏུ་ན་སྟེ་རང་གནས་སུ་འདུག་པས། དེ་མཁྱེན་ནས་དྲུང་དུ་ཤོག་གསུངས་ཕྱིན་པས། ཁྱེད་ལ་སྟོད་རླུང་སྨད་དུ་ཧགས་ན་འདི་ལྟར་སྒོམས། སྨད་རླུང་སྟོད་དུ་ཧགས་ན་འདི་ལྟར་སྒོམས་གསུངས་ཀྱང་མ་གོ་འདུག་པ། ད་འདི་བཞིན་