R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༣ན
[A:༡༡༣ན]སྒོམས་གསུངས་པ་ལྟར་བྱས་པས་ཕན། དཔང་ལོ་ཆེན་པོ་ཨེ་ནས་ས་སྐྱར་འབྱོན་པ་ཞིག་གི་ཚེ། ར་ས་རྫོང་ཡོད་ས་དེར་ཕེབས་དུས་ཆར་པ་ཞིག་བྱུང་བས། ཁལ་ཕོག་སྟེ་ཁལ་མ་རྣམས་རྩྭ་ལ་བཏང་། ལོ་ཙཱ་བས་བྲག་འོག་ཅིག་ཏུ་ཆར་ཡིབ་མཛད་ནས་བཞུགས་པས་ཐུགས་དགོངས་ལ་དོ་ནུབ་འདིའི་ཕུ་ན་ན་བཟའ་བྲག་ཕུག་པ་ལ་འདོད་ཡོན་མོད་པར་ཡོད་འདུག་པས་དེར་ཕྱིན་ན་སྐྱིད་པ་ཙམ་འོངས་ལ་ཐང་སྟེ། སྒོམ་ཆེན་པ་འདི་ཅི་ཡང་མི་ཤེས་ཀྱང་རང་མཐོང་ཆེ་བ་ཞིག་ཀ་ཡོང་བས་ཁོང་གིས་འུ་ལ་ཕྱག་ནི་མི་བྱེད། ང་གནས་ལྔ་རིག་པའི་མཁས་པ་ཞིག་གིས་ནི་ཅི་ལ་བྱེད་དགོངས་པ་ན། ཅུང་ཟད་མནལ་བའི་མཚན་ལམ་དུ་ལྷ་མང་པོ་མཆོད་པའི་བྱེ་བྲག་མང་པོ་ཐོགས་ནས་ལུང་པ་དེའི་ཕུ་ན་ཡར་འགྲོ་བ་ལ། ཁྱེད་རྣམས་གར་འགྲོ་གསུངས་པས། འདིའི་ཕུག་ན་སྒྲུབ་པ་བཟང་པོ་ཞིག་ཡོད་པས་དེ་མཆོད་དུ་འགྲོ་ཟེར་བས། མནལ་སད་འཕྲལ་འཁོར་རྣམས་ལ་ཁལ་ཁོལ་དོ་ནུབ་ཕུ་འདི་ན་ཕར་འགྲོ་གསུངས་ནས་བྱོན། དེ་བླ་མ་འདིས་མངོན་ཤེས་ཀྱིས་མཁྱེན་ནས་སྤོས་སྣ་དང་བཅས་བསུ་བ་ལ་བྱོན། རྡོ་རྒྱང་གང་ཙམ་གྱི་ས་ནས་ཕྱག་མཛད་པས། དཔང་ལོས་ཀྱང་ཕྱག་ལན་མཛད། ཕྱིས་སུ་དཔང་ལོའི་གསུང་གིས། ང་ལ་ཕྱག་འཚལ་བའི་ནང་ནས་ན་བཟའ་བྲག་ཕུག་པ་འདི་དང་གྲོ་མོ་བའི་ཇོ་བརྟན་གྱི་ཕྱག་བཙལ་བ་ལས་འཇིགས་པ་དང་ཁ་སྐྱེངས་པ་མ་བྱུང་གསུངས། དེ་ནས་དཔང་ལོ་ཁྲི་ཐོག་ཏུ་གདན་དྲངས་པས། རྗེ་འདི་ལ་ཁྱེད་ཁྲི་ཐོག་ཏུ་བྱོན་ལ་ངེད་ལ་ཆོས་འབྲེལ་ཞིག་