[A:༡༡༣བ]དགོས་གསུངས་པ་ན། རྗེ་འདིས་བདག་སྒོམ་ཆེན་པ་བླུན་པོས། དྲུང་ནས་གནས་ལྔ་རིག་པའི་པཎྜི་ཏ་ལ་ཆོས་ག་ནས་འབུལ་ཕོད་གསུངས་པ་སོགས་སྔར་དཔང་ལོ་ཆེན་པོའི་ཐུགས་ལ་ཇི་སྐད་ཤར་བ་རྣམས་སྒྲིབ་མེད་དུ་གསུངས། བྲག་རིམ་པ་བྱང་ཆུབ་རྒྱལ་མཚན་གྱི་སློབ་མ་ཆོས་རྗེ་དཀོན་རྒྱལ་བ་བྱ་བ་ཕྱི་ནང་གི་ཡོན་ཏན་དཔག་ཏུ་མེད་ཅིང་། ཁྱད་པར་སྒྲུབ་དཀྱིལ་བཞི་བཅུ་ཙམ་ཐུགས་ལ་ཡོད་དུས་བླ་མ་སྙུངས་ཏེ་གྲོངས་ཁར། ད་ཁྱེད་ངའི་བླ་མ་བྲག་ཕུག་པའི་དྲུང་དུ་སོང་གསུངས་པ་བཞིན་བྱོན་པས། ཆོས་གསན་པའི་སྐབས་ཤིག་སྒྲུབ་དཀྱིལ་སོགས་སུས་ཀྱང་མ་ཚོར་བ་བྱས་ཤུབ་བུས་བསྐྱར་བས། དེ་ཐུགས་ཀྱིས་མཁྱེན་ནས། ད་ལྟ་འདི་ན་འགའ་ཞིག་བསྐྱང་རན་གཙོ་བོར་བྱེད་པ་ཞིག་ཡོད་པ་འདྲ་སྟེ། དེ་བས་དགེ་སྦྱོར་བྱས་པ་གཙོ་ཆེ་གསུངས། ཡང་བླ་མ་ཀུན་དགའ་མགོན་པོ་དང་། དེའི་གཅུང་པོ་དཀོན་མཆོག་སེང་གེས་བྲག་ཕུག་ཏུ་བྱོན་པས། གཅེན་པོ་དགེ་སྦྱོར་མཛད་དུ་བཅུག གཅུང་པོ་ལ་ཁྱེད་རང་ངེད་ཀྱི་མཚམས་གཡོག་གྱིས་གསུངས་པ་བཞིན་མཛད་པས། ལན་ཅིག་ཁོང་གི་བསམ་པ་ལ། གཞན་ཐམས་ཅད་ཐུགས་དམ་ལ་བཞུགས་པས་ཆོག ང་ལ་དགེ་སྦྱོར་བྱེད་ལོང་མི་ཡོང་བ་སྙམ་པ་ཞིག་བྱུང་བ་ན། རྒྱུན་དུ་དྲིལ་བུའི་སྒྲ་བྱུང་ན་དྲུང་དུ་འགྲོ་དགོས་ཀྱི་ཡོད་པས། ཁོང་གི་བསམ་པ་དེ་རྗེས་མཁྱེན་ནས་གློ་བུར་དུ་དྲིལ་བུའི་སྒྲ་ཞིག་བྱུང་ནས་ཕྱིན་པས། རྗེའི་ཞལ་ནས། ཁྱེད་དགེ་སྦྱོར་བྱ་ལོང་མེད་པ་སྙམ་པ་བྱ་མི་དགོས། ངེད་ཀྱི་མཚམས་གཡོག་བྱས་པས། ངེད་རྣམས་ཀྱིས་དགེ་སྦྱོར་གང་བྱས་པའི་ཕན་