R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༨ན
[A:༡༡༨ན]མདོ་སྔགས་ཀྱི་བསྟན་པ་སྤེལ་བའི་སློབ་བུའི་གྲངས་ཀྱང་བུ་སྟོན་རིན་པོ་ཆེ་དང་རྗེ་འདི་ལས་ལྷག་པ་མེད་པས་བགྲང་བར་མི་སྤོབས་ཀྱང་། གཙོ་བོ་བསྡུས་ན། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་བཅུ་སྟེ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཚན། མུས་ཆེན་དཀོན་མཆོག་རྒྱལ་མཚན། སྨ་ཁམས་པ་གྲགས་པ་བཟང་པོ། ཆོས་རྗེ་གཞོན་ནུ་སེང་གེ བྱམས་ཆེན་རབ་འབྱམས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། ཀུན་མཁྱེན་བསོད་ནམས་སེང་གེ པཎ་ཆེན་འབུམ་ཕྲག་གསུམ་པ། འཇམ་དབྱངས་ཀུན་དགའ་ཆོས་བཟང་། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་རྣམས་སོ། །གཞན་ཡང་གུང་རུ་ཤེས་རབ་བཟང་པོ། རྒྱུད་བསྐུལ་པཎ་ཆེན་གྲགས་པ་རྒྱལ་མཚན། དཔལ་གྱི་རྒྱལ་མཚན། ཉག་བྲེ་ཡོན་ཏན་འོད་ཟེར། ཀུན་མཁྱེན་དགའ་གདོང་པ། དམར་སྟོན་རྒྱལ་མཚན་འོད་ཟེར། བཟོད་ཆེན་ཕྱོགས་ལས་རྣམ་རྒྱལ་སོགས་ཆེས་མང་བ་ཞིག་བྱོན་ནོ། །དེ་དག་གི་ནང་ནས་ཐུགས་སྲས་ཀྱི་གཙོ་བོ་ནི་མུས་ཆེན་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན་ཏེ། དམ་པ་འདི་ནི་སྟོན་པ་འདས་ནས་ལོ་སུམ་སྟོང་ལྔ་བརྒྱ་དང་ཉེར་གཅིག་ལོན་པ་ས་འབྲུག་གི་ལོ་མུས་སྟོད་གླིང་སྐྱར་འཁྲུངས། དགུང་ལོ་དགུ་པ་ལ་དབང་འོད་པའི་དྲུང་དུ་རབ་ཏུ་བྱུང་། བཅོ་ལྔ་པའི་ཚེ་སླེ་ལུང་མཁན་པོ་ཀུན་སྨོན་དང་། ཟུར་ཆོས་པ་བྱང་སེང་གཉིས་ལ་ཕར་ཕྱིན་སྦྱངས། བཅོ་བརྒྱད་པ་ལ་བཤད་སྟོན་མཛད། ཉི་ཤུ་པ་ལ་ནམ་མཁའི་རྣལ་འབྱོར་པ་ལ་སྤྱོད་ཁྲིད་གསན། ཉེར་གཅིག་པ་ལ་ངམ་རིང་དུ་བློ་གྲོས་རྒྱལ་