R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༩ན
[A:༡༡༩ན]མན་ངག་གི་བསྟན་པ་སོར་ཆུད་པར་མཛད། ཞེ་དགུ་པའི་ཚེ་ཀྱེ་རྡོར་གྱི་བསྙེན་པ་ཟླ་བ་བཅུ་གཉིས་སུ་འབུམ་ཕྲག་བཅུ་གཅིག་མཛད། ང་དགུ་པའི་ཚེ་རྗེ་ངོར་ཆེན་ནུབ་ཆོས་ལུང་དུ་ཕེབས། ངོར་དུ་འདུས་པའི་ཚོགས་ལ་གསུང་ངག་དང་། བདག་མེད་མའི་དབང་། འཁོར་འདས་དབྱེར་མེད་ཀྱི་རྟེན་འབྲེལ་སྒྲིགས་ཤིག་གསུངས་པ་ལྟར་མཛད། རེ་དགུ་པའི་ཚེ་ངོར་ཆེན་གྱི་གདན་སེང་གེའི་ཁྲི་ལ་འཁོད། ལོ་དེ་ལ་ངོར་ཆེན་དག་པའི་ཞིང་དུ་གཤེགས། དོན་གཉིས་པ་ལ་རིན་སྤུངས་ནོར་བཟང་ལ་བདེ་མཆོག་སོགས་ཀྱི་དབང་གནང་། ཡར་ལམ་མུས་སུ་ཡ་མ་བདེ་ལྡན་གྱི་རི་ཁྲོད་བཏབ། དོན་གསུམ་པ་ལ་མུས་བསམ་གཏན་ཕུག་ཏུ་འཁོར་ལོ་བདེ་མཆོག་གི་བསྙེན་པ་མཛད་རྗེས་ཏའི་སི་ཏུ་རྣམ་རྒྱལ་གྲགས་པ་ཡབ་སྲས་ལ་བདེ་ཀྱེའི་དབང་གནང་། དོན་བཞི་པ་ལ་ངམ་རིང་དུ་འདུས་པའི་ཚོགས་ལ་གསུང་ངག་དང་བློ་སྦྱོངས་སོགས་ཀྱི་དགའ་སྟོན་སྩལ། དོན་ལྔ་པའི་ཚེ་རྗེ་ཤེར་རྒྱལ་པ་ངོར་གྱི་གདན་སར་བཀོད་དེ། དོན་བདུན་པ་ལ་བསམ་གཏན་ཕུག་ཏུ་བདུད་རྩི་རིལ་བུའི་སྒྲུབ་པ་མཛད། འོད་གསལ་