R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༡བ
[A:༡༢༡བ]སྩལ། ཉེར་དྲུག་པའི་ཚེ་དབུས་གཙང་ཕྱོགས་སུ་ཕེབས་པའི་ཐུགས་འདུན་གཡོས་ཀྱང་། དགོངས་པའི་རེ་བ་མ་སྨིན་པར་ནེམ་ནུར་དུ་ཡོད་པའི་ནུབ་ཅིག་གི་མཚན་ལམ་དང་མཐུན་པར། པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མ་རྒྱུད་ཀྱི་གསང་མཛོད་ལེན་པར་ཤོག་ཅིག་པའི་བཀའ་མཆིད་ཕེབས་ཏེ། དམ་པ་དེའི་དྲུང་དུ་བྱོན་ནས་མ་རྒྱུད་འཁོར་ལོ་སྡོམ་པ་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞིའི་ཟབ་གནད་ཇི་སྙེད་ཅིག་གསན་ཅིང་ཐུགས་ཡིད་གཅིག་ཏུ་འདྲེས་པའི་སྒོ་ནས་ལུང་བསྟན་ཀྱང་མང་དུ་མཛད། དེ་མཚམས་ནས་དབུས་གཙང་དུ་འབྱོན་པའི་ཕེབས་ལམ་མུས་ཕྱོགས་ལ་མཛད་དེ། སེམས་དཔའ་ཆེན་པོའི་བཞུགས་གནས་དག་མཇལ། ཐུབ་བསྟན་རྣམ་རྒྱལ་དང་། ཨེ་ཝྃ་སོགས་སུ་ཕེབས། རྗེ་དཀོན་མཆོག་འཕེལ་ལ་མདོ་སྔགས་ཀྱི་ཟབ་བསྡུས་ཅི་རིགས་པ་མནོས། རྗེ་ངོར་ཆེན་གྱི་གཟིམ་ཆུང་དུ་སྐུ་མཚམས་མཛད་དེ་བཞུགས་པའི་མཚན་ལམ་དུ། ས་སྐྱའི་དཔོན་པོ་རི་ཡིན་ཟེར་བའི་མཐོན་པོ་ཞིག་གི་རྩེ་ན་འཆམ་མགོན་ཆེ་བ་གཅིག བཙུན་པ་ཞྭ་དམར་བ་མང་པོས་བསྐོར་བ་ཞིག་བྱུང་། དེ་ནས་རེ་ཞིག་ནས་རྩེ་གདོང་ནས་སྤྱན་འདྲེན་པ་བྱུང་ནས་དེར་ཕེབས་ཏེ། རྗེ་བཙུན་ས་ལོ་ཙཱ་བ་སྐུ་མཆེད་སོགས་ལ་དབང་ལུང་སོགས་ཀྱི་བཀའ་མང་དུ་སྤེལ་བའི་རྗེས་ཐོགས་དགུང་ལོ་སུམ་ཅུ་པའི་ཚེ་སྨོན་ཐང་དུ་ཕེབས། དེར་མདོ་སྔགས་ཀྱི་ཆོས་འཁོར་རྟག་པར་བསྐོར། ལྔ་བཅུ་པའི་ཚེ་གློ་བོར་ས་གཡོས་ཀྱི་འཇིགས་པས་གནས་དགོན་མང་པོ་ཉམས་པ་དག་གསོས་ཏེ་རབ་ཏུ་གནས་པས་བརྟན་པར་མཛད། དེ་ལྟའི་