[A:༡༢༢བ]གཏོར་མ་བླངས་ཞེས་པ་ཞིག་བྱུང་། དེ་དང་དུས་མཚུངས་སུ་ཡོངས་འཛིན་དཀོན་མཆོག་འཕེལ་དག་པའི་ཞིང་དུ་གཤེགས། དེ་མཚམས་སླར་ཡང་ཨེ་ཝྃ་དུ་ཕེབས། དེ་དུས་ལྷ་མཆོག་སེང་གེ་བ་ངོར་གྱི་གདན་སར་འཇམ་དབྱངས་སངས་རྒྱས་རིན་ཆེན་གྱིས་མངའ་གསོལ་བ་མཛད། དེ་ནས་དགུང་ལོ་མཐོན་པོར་སོན་པ་ན་སྐྱིད་གྲོང་གི་འཕགས་པ་ཝ་ཏི་ལ་མཆོད་འབུལ་ལ་ཕེབས་པའི་ལམ་དུ་འོད་གསལ་གྱི་ངང་ལས། ཁང་བཟང་ཞིག་ན་ཆོས་རྗེ་ས་པཎ་དང་། རྗེ་ཀུན་དགའ་དབང་ཕྱུག་གཉིས་བཞུགས་པ་ལ། ཞུ་ལན་མང་དུ་མཛད་པའི་རྗེས་སུ་རྗེ་ཉིད་ཁྲི་ཆེན་པོའི་སྟེང་ནས་འཁོར་མང་པོ་ལ་ཆོས་སྟོན་པ་དང་། ཆོས་རྗེ་ས་པཎ་སངས་རྒྱས་ནས་ཆོས་འཁོར་བསྐོར་བ་ལ་བསྐུལ་མ་འདེབས་པ་སོགས་དག་པའི་སྣང་བས། ཕྱིར་མི་ལྡོག་པའི་བྱང་སེམས་སུ་མཚོན་པའི་དགེ་མཚན་དང་བཅས་འཕགས་པའི་སྐུ་བརྙན་རང་བྱོན་གྱི་གཙུག་ལག་ཁང་དེར་བྱོན་བསྟན་འགྲོ་ལ་ཕན་པའི་སྨོན་ལམ་ཡང་དག་པ་མཛད་ཅིང་། ལྷག་པར་རྗེ་ཉིད་བདེ་བ་ཅན་དུ་གཤེགས་པའི་ལུང་བསྟན་མ་བྱུང་གི་བར་དུ་སྨོན་ལམ་མཛད་རྒྱུའི་དགོངས་གཏད་ལ། དུས་མི་རིང་བར་མཚན་གྱི་ཆ་ཞིག་ལ་འཕགས་པ་ཉིད་ཀྱི་དོན་དེ་འགྲུབ་པའི་ལུང་བསྟན་གྱི་གསུང་དབྱངས་སྩལ་བར་བརྟེན་དེ་འཕྲལ་ལུང་བསྟན་གྱི་ཚིག་དེ་སྒྲོན་མེའི་འོད་ལ་ཕྱག་བྲིས་སུ་མཛད་དེ། བཞེད་དོན་འགྲུབ་པས་ཐུགས་དགེས་པ་མཆོག་ཏུ་གྱུར། དེ་དུས་ས་ལོ་ཆེན་པོ་ལ་ཡང་སྨོན་ལམ་དེ་འགྲུབ་པའི་འཕྲིན་བཅོལ་བསེ་མགོན་གྱི་དྲུང་དུ་མཛོད་གསུངས་པའི་བཀའ་མཆིད་གནང་། དེ་ནས་གུང་ཐང་རྒྱལ་ཁབ་ཏུ་