[A:༡༣༢ན]དཔོན་ཆོས་སྐྱོང་རྡོ་རྗེ་ལ་ཕར་ཚད་སོགས་བསླབས་ཏེ་གདན་ས་ཆེན་པོར་གྲོགས་ཉིས་བརྒྱ་ཙམ་དང་འགྲོགས་ཏེ་ཕར་ཕྱིན་ལ་བཤད་པའི་དགའ་སྟོན་མཛད། དེ་དུས་རྗེ་ངོར་ཆེན་ཀུན་དགའི་མཚན་དང་མཇལ། རྣམ་པར་རྒྱལ་མའི་རྗེས་གནང་སོགས་མནོས། རྗེ་ངོར་ཆེན་གྱིས་ཚེ་རིང་བ་སོགས་ཀྱི་ལུང་བསྟན་གྱི་བདུད་རྩི་སྩལ། རྗེ་དེ་ལ་མི་ཕྱེད་པའི་དད་པ་ཐོབ། འདིའི་ཆོས་ལུགས་དཔྱིད་ཕྱིན་པར་མཛད་དགོངས་པའི་དམ་འཆའ་བརྟན་པོ་བཟུང་། སླར་མངའ་རིས་སུ་བྱོན་སློབ་དཔོན་ཆོས་སྐྱོང་རྡོ་རྗེའི་དྲུང་དུ་འདུལ་བ་སོགས་ཀྱི་གཞུང་ལུགས་འགའ་ལ་གསན་སྦྱོངས་མཛད། བླ་མ་བསམ་གཏན་དཔལ་བ་ལ་བདེ་མཆོག་གི་དབང་བྱིན་རླབས་སོགས་ཅི་རིགས་གསན། དགུང་ལོ་བཅོ་བརྒྱད་པའི་ཚེ་སླར་ཡང་དབུས་གཙང་དུ་ཕེབས་པའི་འདུན་པ་ཤར་བའི་ནུབ་ཅིག་འབུམ་གྱི་པོ་ཏི་གསོལ་བ་དང་། དུང་ཞིག་བུས་པས་སྒྲས་དབུས་གཙང་ཁེངས་པ་སོགས་སྙན་པ་ཆེན་པོས་ཕྱོགས་ཐམས་ཅད་ཁྱབ་པའི་མཚན་མ་བརྙེས་ཏེ། དབུས་གཙང་དུ་བྱོན་ཀུན་མཁྱེན་ནམ་བསོད་ཆེན་པོ་ལ་ཕར་ཚད་མངོན་འདུལ་བྱམས་ཆོས་སོགས་གསན་སྦྱོངས་མཛད། དེ་ལྟའི་བར་སྐབས་དག་ཏུ་རྗེ་ངོར་ཆེན་ལ་ཀྱེ་རྡོར་སོགས་ཀྱི་དབང་བཀའ་འགའ་རེ་དང་། མཁས་གྲུབ་བསྟན་གསལ་ལས་ཚད་མ་གསན་པ་སོགས་མཛད། དེ་མཚམས་ཤིག་ན་རྗེ་ནམ་བསོད་གཤེགས་པའི་རྗེས་ཀྱི་དགོངས་རྫོགས་སོགས་གྲུབ་པར་མཛད། དགུང་ལོ་སོ་དྲུག་པའི་ཚེ་སྔར་གྱི་