[A:༡༣༣ན]མོ་མནལ་ལམ་དུ་རྗེ་ངོར་ཆེན་བྱོན་སྙེ་མ་དྲུང་མོ་འགའ་ཡར་ཞིག་བསྣམས་ནས། རྩེ་མོ་རྗེ་འདི་ལ་གཏད། རྩ་བ་ངོར་ཆེན་རང་གིས་བཟུང་སྟེ་ཕར་འཐེན་ཚུར་འཐེན་མང་དུ་མཛད་ཀྱང་མ་ཆད་པ་ཞིག་བྱུང་བས་སྙན་བརྒྱུད་མ་ཆད་པར་ཡོད་པ་ཐུགས་ཡིད་ཆེས། དེ་ལྟར་ཐོས་པ་དག་གི་དོན་ཡང་། དབེན་གནས་བསམ་གཏན་ཕུག ཡ་མ་བདེ་ལྡན། སྟག་ལུང་རི་ཁྲོད། བསམ་ལྡིང་། ལུང་ཆུང་དཔལ་གྱི་རི་ཁྲོད་སོགས་སུ་སྒོམ་པ་ལ་རྩེ་གཅིག་ཏུ་བཞུགས་པ་མང་དུ་མཛད་པས་ཐ་མལ་གྱི་སྣང་བ་ཐམས་ཅད་རང་ཚུགས་མི་ཐུབ་པ་བན་བུན་མེར་མེར་དུ་འཆར་བ་སོགས་རྟོགས་པ་ཕུལ་དུ་བྱུང་བ་ཐུགས་རྒྱུད་ལ་འཁྲུངས། བླ་མ་དང་ལྷག་པའི་ལྷས་ཞལ་བསྟན་པའི་ཚུལ་ཡང་། ནུབ་ཅིག་མནལ་ལམ་དུ་མི་སྔོན་པོ་ཐོད་སྐམ་ཅན་ཅིག་བྱུང་ནས། ནག་པོ་པའི་དབང་དགོས་ན་མགྱོགས་པར་ཤོག་ཟེར་བ་ཞིག་བྱུང་ནས། ནངས་པར་ཡ་མར་རྗེ་སངས་རྒྱས་དཔལ་བཟང་བཞུགས་པའི་དྲུང་དུ་ཕྱིན་པས། དེར་རྗེ་དེ་ཉིད་ནག་པོ་པའི་དབང་བསྐུར་གྱི་ཁ་གསོའི་བསྙེན་པ་ལ་བཞུགས་ཏེ། ནངས་པར་ནག་པོ་པའི་སྟ་གོན་གནང་རྒྱུའི་སྐབས་སུ་འབྱོར་ཏེ་ཡི་དམ་གྱིས་ལུང་བསྟན་པར་དགོངས། དེ་ལྟར་ཐུགས་དམ་ཉམས་བཞེས་ལ་སྐད་ཅིག་ཀྱང་མི་གཡེལ་བའི་རིང་ནས་གསུང་ངག་ལན་གྲངས་བཅུ་བདུན། དག་པ་གསུམ་གྱི་ཁྲིད་ཚར་ལྔ། བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད་ཚར་མང་པོ། གཞན་ཡང་བློ་སྦྱོང་སོགས་ཀྱི་ཁྲིད་བཀའ་དང་། བདེ་དགེས་