[A:༡༣༥བ]ལ་མཁན་སློབ་མཚན་ཉིད་དང་ལྡན་པ་དག་ལས་རབ་ཏུ་བྱུང་། དེ་ནས་ཐུབ་བསྟན་ཡངས་ཅན་དུ་ཕར་ཚད། འདུལ་མངོན། དབུ་མ། སྡོམ་རིག་སོགས་སྡེ་སྣོད་ཀྱི་གཞུང་ཆེན་རྣམས་ལ་བསླབ་སྦྱངས་ཆེར་མཛད་པས་མཁས་པའི་ཕུལ་དུ་ཕྱིན། ཉི་ཤུ་རྩ་གྲངས་ལ་དཔལ་ས་སྐྱ། ངམ་རིང་། གསང་ཕུ་སོགས་དབུས་གཙང་གི་ཆོས་གྲྭ་ཆེན་པོ་རྣམས་སུ་བཤད་གསར་གྱི་དགའ་སྟོན་སྤེལ། ཡོངས་འཛིན་གྱི་བླ་མ་ཡང་མུས་ཆེན་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། བདག་ཆེན་ཀུན་དགའ་བཀྲ་ཤིས། ལོ་ནས་སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་གྲགས། ཐུབ་བསྟན་ཡངས་ཅན་གྱི་མཁན་ཆེན་ཆོས་རྗེ་སོགས་མང་དུ་བསྟེན་ཏེ་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གསན་པ་རྒྱ་མཚོའི་ཕ་མཐར་སོན། གླིང་དགའ་བདེ་བ་ཅན་དུ་ཐོས་བསམ་དང་འཆད་ཉན་སྤེལ་མར་མཛད་པའི་རིང་ནས་འཇམ་དབྱངས་སངས་རྒྱས་རིན་ཆེན་གྱི་དྲུང་དུ་བྱོན་གསུངས་པ་བཞིན་བྱོན་པས། རྗེ་དེས་རྒྱའི་རྡོ་རྗེ་དང་དྲིལ་བུ་ཆ། ཤིང་སྒམ་ཆེ་བ་ཞིག ཇ་ཁུག་ཅིག་རྣམས་གནང་ནས། ཁྱོད་རང་དབུས་སུ་གཤེགས་ལ་སྨོར་དགོན་པའི་བླ་མ་མཛོད། ཤིང་སྒམ་འདི་ན་བཟས་ཁོངས། ཇ་ཁུག་འདིར་གསོལ་ཇ་རྣམས་ཚགས་མཛོད། རྒྱའི་རྡོ་རྗེ་དྲིལ་བུ་འདི་སྣོམས་ལ་དབང་བསྐུར་སོགས་བསྟན་པ་ལ་ཕན་ངེས་པའི་ཆོས་འཆད་རེམ་ལ་མཛོད། ཅེས་གསུངས་པ་ལྟར་དགུང་ལོ་སུམ་ཅུ་རྩ་གྲངས་ནས་ལོ་གྲངས་དུ་མའི་བར་དུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་དང་། རྗེ་རང་ལ་ཡང་དེ་ཕྱོགས་