[A:༡༤༣ན]མ་ཡལ་ཆོས། །ཆོས་ཟབ་བདེ་མཆོག་རྣལ་འབྱོར་གསང་མཐའི་ལམ། །ལམ་འདི་ཆོས་དང་རིགས་ལས་སྐྱེས་པའི་བུ། །བུ་མཆོག་རྣམས་ལ་ལན་བརྒྱར་སྤེལ་བར་་་་་
་འདོད་པའི་བསམ་པ་འདི་སྐྱབས་གནས་ཀུན་འདུས་བླ་མའི་ཐུགས་རྗེས་ཡིད་བཞིན་དུ་འགྲུབ་པར་
ཤོག །ཅེས་སྨོན་གནས་འགྲུབ་པའི་དགེ་ལེགས་ཀྱི་ཚིག་བརྗོད་པ་དང་བཅས་ཏེ། དེ་ལྟར་དེ་དག་གིས་ནི་དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་མ་ཚང་བ་མེད་པ་བསྟན་ཟིན་ཏོ། །འདིར་སྨྲས་པ། དུས་གསུམ་རྒྱལ་བའི་རྣམ་འཕྲུལ་སྔགས་འཆང་རྗེ། །གང་གི་ཐུགས་སྲས་གྲུབ་མཆོག་དབང་པོ་དང་། །ཡབ་རྗེ་སྦས་པའི་སངས་རྒྱས་གྲགས་པའི་མཚན། །འགྲན་བྲལ་ཡབ་སྲས་གསུམ་གྱིས་སླར་ཡང་སྐྱོངས། །དང་པོར་སྤངས་རྟོགས་མཐར་ཕྱིན་རྫོགས་སངས་རྒྱས། །བར་དུ་འཇམ་དབྱངས་བུདྡྷ་རཏྣའི་ཞབས། །ཐ་མར་དུས་གསུམ་མཁྱེན་པའི་བཤེས་གཉེན་ཆེ། །རྗེ་བཙུན་མུས་པས་བྱང་ཆུབ་བར་དུ་སྲུངས། །རྒྱལ་དང་དེ་སྲས་ངོ་བོར་རོ་གཅིག་ཀྱང་། །གདུལ་བྱའི་སྣང་ངོར་ཐ་དད་ཚུལ་འཛིན་པའི། །སྤྱན་སྔ་མཁན་ཆེན་ཐམས་ཅད་མཁྱེན་པ་སོགས། །དྲིན་ཆེན་བླ་མ་རྣམས་ཀྱིས་དགེ་ལེགས་མཛོད། །འཁོར་ལོ་སྡོམ་པའི་དམ་ཆོས་བྱུང་བའི་ཚུལ། །ལེགས་བཤད་སྔོན་མེད་ཉི་མ་འདི་ཤར་བས། །ཟབ་ཡང་བདེ་མཆོག་ཆོས་ཚུལ་མ་ལུས་ཀུན། །མཐོང་བར་འགྱུར་རོ་ལྟོས་ཤིག་བློ་གསལ་རྣམས། །སྔོན་དུས་འཕགས་པའི་ཡུལ་དང་གངས་ལྗོངས་འདིར། །རིམ་