[A:༤༢ན]སྤྱོད་ཀྱི་འཇིགས་བྱེད་བརྒྱད་ཅེས་བྱ་བར་གྲགས་སོ། །ཡང་རི་རབ་ཀྱི་ཁོང་སེང་ནས་གནོད་སྦྱིན་གྱི་གཙོ་བོ་གཉིས་ཆུང་མ་དང་བཅས་པ་བྱུང་ནས་ཤར་ཕྱོགས་ཀ་མ་རུ་པ་དང་། བྱང་ཕྱོགས་ཨོ་ཊི་གཉིས་བཟུང་སྟེ། གནས་དེ་གཉིས་ལ་གནོད་སྦྱིན་གྱི་སྐད་དུ་ཞིང་ཞེས་བྱའོ། །གནོད་སྦྱིན་གྱི་གཡོག་པོ་གཉིས་ཆུང་མ་དང་བཅས་པ་བྱུང་ནས་ནུ་ཏྲྀ་ཤ་ཀུ་ནེ་དང་། ལྷོ་ཀོ་ས་ལ་གཉིས་བཟུང་ཞིང་། གནས་དེ་གཉིས་ལ་གནོད་སྦྱིན་གྱི་སྐད་དུ་ཉེ་བའི་ཞིང་ཞེས་བྱའོ། །ཡང་སྲིན་པོའི་གཙོ་བོ་གཉིས་ཆུང་མ་དང་བཅས་པ་བྱུང་སྟེ། ཤར་ལྷོ་ཀ་ལིང་ཀ་དང་། ལྷོ་ནུབ་ལམ་པ་ཀ་གཉིས་བཟུང་ཞིང་། གནས་དེ་གཉིས་ལ་སྲིན་པོའི་སྐད་དུ་ཚནྡྷོ་ཞེས་བྱའོ། །སྲིན་པོའི་འཁོར་གཉིས་ཆུང་མ་དང་བཅས་པ་བྱུང་སྟེ་ནུབ་བྱང་ཀན་ཛི་དང་། བྱང་ཤར་ཧི་མ་ལ་ཡ་གཉིས་བཟུང་སྟེ། དེ་གཉིས་ལ་སྲིན་པོའི་སྐད་དུ་ཉེ་བའི་ཚནྡྷོ་ཞེས་བྱའོ། །དེ་རྣམས་ནི་དྲག་པོ་དབང་ཕྱུག་གི་གསུང་གི་སྤྲུལ་པ་སྟེ་ས་བླ་ན་སྤྱོད་པས་ས་སྤྱོད་ཀྱི་འཇིགས་བྱེད་བརྒྱད་ཅེས་བྱའོ། །ཡང་རྒྱ་མཚོའི་ནང་ནས་ཀླུ་གཙོ་བོ་གཉིས་ཆུང་མ་དང་བཅས་པ་བྱུང་སྟེ་ཤར་ཕྱོགས་པྲེ་ཏ་པུ་རི་དང་། བྱང་ཕྱོགས་ཀྱི་གྲྀ་ཧ་དེ་ཝ་གཉིས་བཟུང་སྟེ། གནས་དེ་གཉིས་ལ་ཀླུའི་སྐད་དུ་འདུ་བ་ཞེས་བྱ་ཞིང་། ཀླུའི་འཁོར་གཡོག་གཉིས་ཆུང་མ་དང་བཅས་པ་བྱུང་ནས་ནུབ་སཽ་རཥྚ་དང་། ལྷོ་ཕྱོགས་སུ་ཝརྣ་དེ་ཝི་གཉིས་བཟུང་སྟེ་དེ་གཉིས་ལ་ཀླུའི་སྐད་དུ་ཉེ་བའི་འདུ་བ་ཞེས་བྱ་ལ། ཡང་རི་རབ་ཀྱི་འོག་ནས་ལྷ་མ་ཡིན་གྱི་གཙོ་བོ་གཉིས་ཆུང་མ་དང་བཅས་པ་བྱུང་ནས། ཤར་ལྷོ་ན་ག་ར་དང་། ལྷོ་ནུབ་སིནྡྷུ་ར་གཉིས་བཟུང་