R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༥ན
[A:༤༥ན]གདན་དང་བཅས་པ་ཕུལ། རིན་འབྱུང་གིས་འཇམ་དབྱངས་ལ་སོགས་པ་བྱང་སེམས་རྣམས། དཔའ་བོ་ཉེར་བཞི་དང་། རྡོ་རྗེའི་ཕོ་ཉ་མོ་ལ་སོགས་པ་རྣམས་དཔའ་མོ་ཉེར་བཞིར་སྤྲུལ་ཏེ་ཕུལ། སྣང་བ་མཐའ་ཡས་ཀྱིས་ལྷ་མོ་བཅུ་གཉིས་སྤྲུལ་ཏེ། དོན་ཡོད་གྲུབ་པས་གོ་ཆའི་ལྷ་བཅུ་གཉིས་སྤྲུལ་ཏེ་ཕུལ། རྣམ་སྣང་གིས་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབས་པའི་ལྷ་རྣམས་སྤྲུལ་ཏེ། གཞན་ཡང་རིགས་བཞིའི་མཆོད་པའི་ལྷ་མོ་སྤྲུལ་ཏེ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པ་བྱས་ཏེ། སྤྲུལ་པའི་འཁོར་དེ་རྣམས་ལས་ཀྱང་ཡང་སྤྲུལ་དང་ཉིང་སྤྲུལ་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲུལ་ལོ། །དེ་ནས་ལོངས་སྐུ་དགོངས་པ་སྣ་ཚོགས་པའི་དམ་ཚིག་ཆེན་པོ་རྣམ་པར་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་གདུལ་བྱ་ལ་གཟིགས་ཏེ། བ་སྤུའི་བུ་ག་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་པ་སྤྲུལ། གླིང་བཞི་བྱེ་བ་ཕྲག་བརྒྱར་སྤྲོས། འཛམ་བུའི་གླིང་འདིར་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་སྤྲུལ་ནས་དྲག་པོ་འཇིགས་བྱེད་དང་། དུས་མཚན་མ་ཞབས་འོག་ཏུ་མནན་ཏེ་བཏུལ་བས། འཇིགས་བྱེད་ས་འོག་ཏུ་སངས་རྒྱས་སོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་ཉི་ཤུ་རྩ་བཞི་ཁྲོ་བོར་སྤྲུལ་ནས། རྡོ་རྗེའི་ཕོ་ཉ་མོ་ལ་སོགས་པའི་ལྷ་མོ་རྣམས་ཁྲོ་མོར་སྤྲུལ་པ་དང་སྙོམས་པར་འཇུག་པའི་སྐུ་ཅན། ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་པའི་ཐུགས་འཁོར་གྱི་དཔའ་མོ་བརྒྱད་ཀྱིས་ཐོད་པའི་དུམ་བུ་ལ་སོགས་པའི་ལྷ་བཞི་དང་། དྲི་ཟ་བཞི། གསུང་འཁོར་གྱི་དཔའ་བོ་བརྒྱད་ཀྱིས་གནོད་སྦྱིན་བཞི་དང་སྲིན་པོ་བཞི། སྐུ་འཁོར་གྱི་དཔའ་