[A:༣༠བ] ཀུན་མཐུན་སྣང་གྲུབ་པས། ཆོས་སྐྱོང་རྣམས་དང་མི་དང་མི་ལབ་པ་བཞིན་ཡོད་པར་ཐེ་ཚོམ་མི་དགོས་ལ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས་ཀྱང་རིགས་ཀྱི་ཆེ་བ་ཙམ་མ་ཡིན་པའི་ལུང་རྟོགས་ཀྱི་ཡོན་ཏན་ཀུན་གྱི་མངའ་བདག་ཏུ་གྱུར་པས། དེ་དུས་ཀྱི་མཁས་བཙུན་ཀུན་གྱི་བླ་མར་གྱུར་ཅིང་། ལྷག་པར་ཆོས་སྐྱོང་རྣམས་ཤིན་ཏུ་འགོ་བའི་ཚུལ་ནི་དཔལ་ས་སྐྱའི་དབུ་རྩེར་བཞུགས་དུས་མནལ་ལམ་དུ་གཙུག་ལག་ཁང་གི་ཁྱམས་མཐིལ་དུ་གུར་གྱི་མགོན་པོའི་རྣམ་པ་གསལ་ཞིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གཅིག་དང་པོར་གཟིགས། དེ་ནས་དེ་རེས་འགའ་ཕྱག་དྲུག་པའི་རྣམ་པ། རེས་འགའ་ཕྱག་བཞི་པའི་རྣམ་པ་སོགས་རྣམ་འགྱུར་མི་འདྲ་བ་མང་དུ་སྟོན་པ་ཞིག་བྱུང་བ་ན། དེ་གསུམ་ངོ་བོ་གཅིག་ཡིན་ཟེར་བའི་བརྡར་འདུག་སྙམ་པའི་ངེས་ཤེས་ཐུགས་ལ་འཁྲུངས་པ་དང་། ཡང་ལན་གཅིག་ངམ་རིང་དུ་འཇམ་དཀར་ལ་གསུང་བསྙེན་མཛད་པས། ཉི་མ་ཤར་ཙམ་ན་དཔལ་ལྡན་ལྷ་