[A:༡༣བ]སྤོབས་པ་མི་དམན་པས། །འཆད་རྩོད་རྩོམ་ལ་བསྙེངས་བྲལ་བློ་གྲོས་རྒྱས། །ཀུན་སྤྱོད་རྣམ་དག་བྱུང་ཆུབ་སེམས་གཉིས་འབྱོངས། །བསྟན་པའི་ཉི་མར་གྱུར་ལ་གསོལ་བ་འདེབས། །ཞེས་གསུངས་པ་ཡིན་ནོ། །ཞེས་ཐོས་སོ། །དྲུག་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སངས་རྒྱས་བསྟན་པའི་བྱ་བ་ཇི་ལྟར་མཛད་པའི་ཚུལ་ལ་གསུམ། དང་པོ་འཆད་པའི་སྒོ་ནས་བསྟན་པའི་བྱ་བ་མཛད་ཚུལ་ལ་གཉིས་སྟེ། དཔལ་ཨེ་ཝཾ་ཆོས་ལྡན་དུ་ཆོས་འཁོར་བསྐོར་ཚུལ་དང་། ཡུལ་དགོན་གཞན་དུ་བསྐོར་ཚུལ་ལོ། །དང་པོ་ལ་གཉིས། ཐོག་མར་བསྐོར་ཚུལ་དང་། བསྟན་པའི་བདག་པོར་མངའ་གསོལ་ཚུལ་ལོ། །དང་པོ་ནི། དགུང་ལོ་ཉི་ཤུ་རྩ་ལྔ་བཞེས་པ་འཕགས་པའི་ཡུལ་ན་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་གྱི་ལོ་ནས། ལོ་བཅུ་གཉིས་བར་དུ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཟུར་འཆད་པ་འཛད་དེ། རྡོ་རྗེ་འཕྲེང་བ་དང་། ཀྲི་ཡ་ས་མུ་ཙ་ནས་གསུངས་པའི་དབང་བསྐུར་བཞི་བཅུ་ཞེ་ལྔ་དང་། ཟུར་བཀའི་དབང་བཞི་བཅུ་ལྷག་ཙམ་ལ་སོགས་པ་དང་། གསུང་ངག་རིན་པོ་ཆེའི་ཁྲིད་བཀའ་མང་པོ་དང་། ཀྱེ་རྡོ་རྗེ་རྒྱུད་གསུམ་ལ་སོགས་པའི་རྒྱུད་ཀྱི་བཤད་བཀའ་མང་པོ་དང་། སྒྲུབ་ཐབས་བརྒྱ་རྩ་དང་། རྒྱ་མཚོ་དང་། ཟུར་བཀའི་རྗེས་གནང་གི་རིགས་རྣམས་དང་། རིགས་གཏད་ལ་སོགས་པ་དང་། ལུང་གི་རིགས་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པ་གསུངས་པས་སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་འགོད་པར་མཛད་པ་ཡིན་ནོ། །གཉིས་པ་བསྟན་པའི་བདག་