[A:༡༧བ]གྲུབ་ཀྱི་ཚོགས་རྒྱ་མཚོའི་གོས་ཅན་མ་ལུས་པ་ཁྱབ་པར་གྱུར་པ་ཡིན་ནོ། །ཞེས་ཐོས་སོ། བརྒྱད་པ་རྣམ་དཀར་གྱི་མཛད་པ་གཞན་ཡང་ཇི་ལྟར་མཛད་པའི་ཚུལ་ནི། བླ་མ་གོང་མ་ཞི་བར་གཤེགས་པ་རྣམས་ཀྱི་ཟླ་བ་བྱུང་ངོ་ཅོག་གི་ཟླ་མཆོད་དང་། ལོ་མཆོད་དང་། ལྷ་ཁང་རྣམས་ཀྱི་དཀར་མེ་ཆག་མེད་དང་། སྔར་ཡོད་རྣམས་གོང་འཕེལ་དང་། འཕགས་པ་རིན་པོ་ཆེའི་དུས་ཆེན་གསར་བཙུགས་དང་། ཟླ་རེ་བཞིན་ཚེས་བཅུ་བཞི་ལ་ལྗོན་ཤིང་མཛེས་རྒྱན་གསར་བཙུགས་དང་། ཁྱད་པར་བརྒྱུད་པའི་གསོལ་འདེབས་དང་། ཚུལ་གསུམ་གསལ་བྱེད་སྔོན་དུ་བཏང་ནས། དཔལ་དགེས་པ་རྡོ་རྗེ་རྩ་རྒྱུད་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་ལ་གསར་བཙུགས་མཛད་པའི་ཚེ། དམ་པ་དེ་ཉིད་ཀྱང་ཁྲི་ཁར་ཕེབས་ཏེ། དགེ་འདུན་རྣམས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་པ་ན་མེ་ཏོག་གི་ཆར་པ་ཁ་བ་ལྟ་བུ་བབས་པ་དེ་སྐབས་ཀྱི་དགེ་འདུན་ཐམས་ཅད་དབང་དུ་གྱུར་པ་ཡིན་ནོ། །ཞེས་ཐོས་སོ། གཞན་ཡང་བླ་མ་དང་དཀོན་མཆོག་གསུམ་གྱི་རྟེན་གསུམ་མང་དུ་བཞེངས་པ་དང་། དེ་དག་ལ་རབ་ཏུ་གནས་པ་དང་མཆོད་པའི་འཕྲེང་བ་བསམ་གྱིས་མི་ཁྱབ་པ་ཕུལ་བ་དང་། དཔལ་ཨེ་ཝཾ་ཆོས་ལྡན། དཔལ་ལྡན་ས་སྐྱ། ཁའུ། བསྐྱེད་ལྷས། སྣར་ཐང་བྱང་ཆེན། དཔལ་ལྡན་རྩེ་ལ་སོགས་པའི་གནས་ཁྱད་པར་ཅན་རྣམས་སུ་བསྟན་སྲུང་རྣམས་ལ་ཐུགས་དམ་བསྐང་བའི་ཆོ་ག་སོགས་རྒྱས་པར་མཛད་ནས། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་འཕྲིན་ལས་འཆོལ་བ་སོགས་རྣམ་དཀར་གྱི་མཛད་