[A:༡༨བ]ཐམས་ཅད་མཁྱེན་པའི་གསུང་བཞིན་དང་དུ་བླངས་ཏེ། སྡེ་འཁྲུག་ཉེ་བར་ཞི་ནས་འགྲོ་བ་མ་ལུས་པ་ཕན་བདེ་ལ་འགོད་པར་མཛད་པ་ཡིན་ནོ། །དེ་ནས་འབྲུག་ལོ་ཟླ་བ་བརྒྱད་པའི་ཉེར་ལྔའི་སྔ་དྲོ། བླ་མ་རིན་པོ་ཆེ་ལུང་རིགས་རྒྱ་མཚོ་འདྲེན་མཆོག་དམ་པ་དེ་ཉིད་དང་མཇལ་སྐབས། ལོ་ཆེན་རནྟ་བྷ་དྲ་དང་། ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེ་སོགས་ཀྱི་བྱང་ཕྱོགས་སུ་འཆད་ཉན་རྒྱུན་བསྲིང་དགོས་ཚུལ་བཀའ་ཕེབས་ནན་ཅན་བྱུང་ནའང་། ཆོས་ཀྱི་ཐུག་པ་འཕགས་པ་འཇམ་དཔལ་དང་། ཉ་མོའི་ཐུག་པ་གངས་དཀར་ཏེ་སེ་ཡིན་བསམ་ཞབས་དྲུང་བསྙགས་པ་ཡིན་ལགས་པ་གསུངས། ཆོས་ཀྱི་བཀའ་དྲིན་བློ་ཁ་ཚིམ་པ་རང་མཁྱེན་ཞུས་པས། ད་ཀ་འཕགས་པ་འཇམ་དཔལ་ཁོ་རྒས་གདའ་འབྱོན་པ་ཕྱིས་པ་ནས་དགོངས་པ་བཞིན་ཡོང་བ་དཀའ། ཆོས་འབུལ་གང་ཐུབ་དག་ལོས་བྱེད་དེ་གསུངས། དེ་དུས་ནས་མྱུར་དུ་ཕེབས་པ་ལ་ཐུགས་རྩེ་གཏད་འདུག་གོ །དེ་ནས་སྟོན་ཆོས་སྐབས་སུ་བདག་ཆེན་རིན་པོ་ཆེ་ཀུན་དགའ་རིན་ཆེན་པའི་གཙོས་པའི་ཚོགས་པ་རྣམ་ལ་དག་པ་གསུམ་གྱི་ཁྲིད། དབང་རྗེས་གནང་། ལུང་གི་ཚོགས་དུ་མ་བཀའ་དྲིན་བསྐྱངས། ལོ་དེའི་ཟླ་བ་བཅུ་གཉིས་པའི་ཉེར་ལྔ་ལ་གསུང་ངག་རིན་པོ་ཆེ་བཙུགས་ནས་དགེ་འདུན་ཚོགས་པ་བརྒྱད་བརྒྱ་ཁ་ཆར་གསུང་ངག་ཤིན་ཏུ་རྒྱས་པ། དབང་གོང་མའི་ཁྲིད་ཆ་ལག་ཡོངས་སུ་རྫོགས་པ་ལུང་གི་སྐོར་དང་བཅས་པ་དང་། ཁོག་ཕུབ་སོགས་ལ་བསྐྱོར་ཆོས་