R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༢༡བ
[A:༢༡བ]དཔོན་སོགས་སྐུ་མདུན་ན་ཡོད་པའི་ཚེ། བྱང་པ་ཆོས་རྒྱལ་ཆེན་པོ་ཤིན་ཏུ་སྙུང་བའི་འོ་བརྒྱལ་བར་རང་འདུག་ནའང་། ད་ལྟ་མནལ་གཅིག་བྱུང་འདུག་གསུངས་ཞལ་འཛུམ་མཛད། སྡེ་སྲིད་སྙུང་བའི་གཏམ་ཡེ་མ་གསན་ནའང་དེ་ནི་ཐུགས་མངོན་པར་ཤེས་པས་མཁྱེན་པ་གདོན་མི་ཟའོ། །དེ་ཉིན་བཀའ་ཆེམ་གྱི་ཚུལ་དུ་གྲྭ་པ་སོ་སོའི་ལག་ཏུ་གོས་གཟན་དུམ་བུ་ལེབ་ཙམ་རེ་བྱུང་ན་དགའ་སྤྲོ་ཆེན་པོ་ཡོངས་བས་ང་རང་ད་ལྟ་གྱོན་བཞིན་པའི་གོས་གཟན་ཆ་ཚང་ཞིག་སྐུ་རིམ་གྱི་ཚུལ་དུ་ཐོངས། ངེད་ད་ལན་བསྡོད་ཤས་ཆུང་བས་བླ་མ་སྙུང་བའི་སྐུ་རིམ་དང་། གཤེགས་ནས་དགེ་རྩ་བྱེད་པ་ཡིན་ཟེར་སྤྲིན་དཀར་པོ་ལ་ཚད་བཙུགས་ནས་འོང་བའི་གྲྭ་པ་སྙོམས་ཆུང་རྣམས་ཀྱི་ཆས་ཁ་ཟད་ནས་ལོག་འགྲོ་བ་འདི་སེམས་ལ་ཤིན་ཏུ་ཟན་པ་ཞིག་ཡོད་པས་གྲྭ་པ་སྦྱིན་བདག་དང་བཅས་པ་ལ་བསྡུད་མོའི་རིགས་ཡེ་མ་ལེན་གསུང་བ་ཡིན་གྱིས་ལ་དྲིལ་སྒྲོགས། ངེད་ལ་དུས་ཇ་ཟུར་པ་མི་དགོས་ཤིང་། ཕྱི་རྟེན་དང་ནང་རྟེན་སོགས་ཀྱི་སྤྲོས་པ་ཡང་ཆེར་བྱེད་མི་དགོས། བླ་མ་གོང་མ་རྣམས་ཀྱི་དུས་རྗེའི་དམིགས་ཟུར་ན་ཡོད་པའི་སྟེང་ནས་ངེད་ཀྱི་དགེ་རྩ་ལ་ཡེ་མ་གཏོང་། བླ་མ་གོང་མ་རྣམས་ཀྱི་དུས་ཇ་ཏལ་པོ་རྣམས་དང་། ངེད་རང་གིས་གསར་བཙུགས་ཀྱི་དགེ་རྒྱུན་རྣམས་མ་ཆག་ན་ངེད་ཀྱི་དགེ་རྩ་དེ་ཀ་ཡིན། ད་ལན་ང་རང་བསྡུར་ཙམ་གྱི་དངོས་པོ་ཟུར་ན་ཡོད་པའི་