[A:༢༤ན]སྣ་རེ་ཡོང་གསུངས། སོ་སོ་སྐྱེ་བོས་བླ་མའི་རྣལ་འབྱོར་བསྒོམ་པ་འདི་སྣང་ལ་རང་བཞིན་མེད་པ་ཡི་དམ་དང་དབྱེར་མེད་དུ་མི་མཐོང་བ། ཤ་རུས་ཀྱི་གདོས་བཅས་འདི་ཀ་མཐོང་ངམ་གསུངས། སྐུ་གཤེད་ཆུང་བས་དབུ་ཚུགས་མི་ཐུབ་སྙམ་བྱེད་པ་ལ། དབོན་ཆེན་གྱི་དབུ་ལམ་ནས་བཏེག་པས། ཅུང་ཟད་མི་གསལ་བའི་ཚུལ་གྱིས། འདི་ན་གོ་བོ་རབ་འབྱམས་པ་ཞེས་ཐང་གཉིས་ཙམ་གསུངས་པ། རྗེ་དབོན་གྱིས་གསལ་པོ་གོ་བ་རང་མ་བྱུང་བས། བདེ་བ་ཅན་ལགས་སམ་ཞུས་པས། འོ་འོ་བདེ་བ་ཅན་ཡིན། འདི་ན་གོ་བོ་རབ་འབྱམས་པ་བཞུགས་གསུངས། ལན་གཅིག་སྤྱན་བར་སྣང་ལ་ཧད་ཀྱིས་གཟིགས་ནས། འོ་ང་ལ་ཨ་མ་ར་ཐེབ་བྱུང་། འཆི་བ་མེད། གཞན་ལ་མ་ཟེར་ཡིད་མི་ཆེས་གསུངས། སྐུ་འཁོར་གཞན་རྣམས་ནི་བཀའ་དྲིན་ཆེ་ལགས་ཟེར་གྱིན་འདུག དབོན་ཆེན་གྱི་ཐུགས་ལ་ངེས་དོན་དུ་སྐྱེ་འཆི་སྤངས་པ་ཡིན་ཞེས་གསུངས་བར་གོ དེ་ནས་གཏོར་མ་ལ་ཆབ་ཐོངས་གསུངས། ཐུགས་དམ་རྣམས་ཚང་མ་མཛད། གཞན་ཡང་བདེ་མཆོག་གི་སྔགས། ཚེ་གཟུངས། ཨ་མ་ར་ཎི། མ་ཎི་སོགས་སྔགས་མང་དུ་གསུངས། གཏོར་འབུལ་རྣམས་སྐད་ཅིག་གི་བསྐྱེད་ཅིང་འབུལ་བར་མཛད། འོ་ངའི་རུས་པ་འདི་མེས་བཞུ། ཚ་ཚ་བཏབ་ནས་སྟོད་སྨད་ཀུན་ལ་བསྐུར། ཡིད་བཞིན་གྱི་ནོར་བུ་ལག་ཏུ་བྱུང་བ་ལྟ་བུའི་དགའ་ཚོར་བྱེད་པའི་དུས་ཡོང་ཞིང་། སྡེ་སྲིད་སོ་སོར་དུས་