[A:༤ན]འཕེལ་བའི་ཞལ་སྔ་ནས་ལ་མཁན་པོ་ཞུས་ཤིང་། རྗེ་གློ་བོ་མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ལ་སློབ་དཔོན་ཞུས། ཆོས་ལུང་བཀའ་བཅུ་པ་ཕྲིན་ལས་དབང་ཕྱུག་པས་གྲིབ་ཚོད་པ་དང་། འདུལ་བ་འཛིན་པ་ཡོན་ཏན་རྒྱ་མཚོ་སོགས་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་གཅིག་གི་དབུས་སུ། དཔལ་ཨ་ཝཾ་ཆོས་ལྡན་གྱི་གཟིམ་ཁང་གཡབ་ཆེན་དུ། བསྟན་པའི་རྩ་བ་སོ་སོར་ཐར་པ་དགེ་བསྙེན་དང་། དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་ཐོབ་ཅིང་། མཚན་དཀོན་མཆོག་ལྷུན་གྲུབ་ཅེས་གསོལ་ལོ། །དེ་ནས་བཟུང་སྟེ་ལྷག་པ་ཚུལ་ཁྲིམས་གྱི་བསླབ་པ་མིག་གི་འབྲས་བུ་བས་ཀྱང་གཅེས་པར་བཟུང་ནས། བསླབ་པར་བྱ་བ་ཕྲ་ཞིང་ཕྲ་བ་མཐའ་དག་མ་ཉམས་པར་སྤྱོད་པའི་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་དང་ཚུལ་མཚུངས་པར་བཞུགས་པ་ཡིན་ནོ། །དེ་ནས་བླ་བྲང་དུ་བཞུགས་ན་ཡེངས་རྐྱེན་ཆེ་བར་དགོངས་ཏེ། དགེ་བའི་བཤེས་གཉེན་རྐྱང་ཐུར་བ་དགེ་ལེགས་བཤེས་གཉེན་པ་སྐུ་མདུན་དུ་འབོད་པར་མཛད་དེ། འདྲེན་མཆོག་ཆོས་རྗེའི་ཞལ་ནས། ངེད་ཀྱི་བུ་ཚ་འདི་ལ་རེ་ཚོད་ཆེན་པོ་ཡོད་པས་ཆུད་ཟོས་སུ་མ་སོང་བ་དང་། ཐོས་བསམ་ཚུལ་བཞིན་ཡོང་བའི་གྲོགས་དན་ཡང་དག་པ་ཅིག་ཁྱེད་ཀྱི་གྱིས་གསུངས་པ་སོགས་བསླབ་བྱ་དཔག་མེད་ཐུགས་བརྩེ་བས་སྒོ་ནས་གནང་ངོ་། །དེ་ནས་བླ་མ་དམ་པ་འདི་ཉིད་ཀྱི་ཡང་དགེ་བའི་བཤེས་གཉེན་དེ་ཉིད་ཀྱི་ཟུར་སློབ་ཀྱི་ཚུལ་དུ་བསྟེན་ནས།