[A:119]པཎ་ཆེན་ནགས་རིན་གསུང་རྒྱུན་ཆོས་རྗེ་ཆོས་གྲགས་པས་མཛད་པ་སོགས། འདི་སྐོར་གྱི་བསྒོམ་ལུང་མཐའ་ཆོད་ཞི་བར་ནོས་པས་ཡིད་ཚིམ། རྨི་ལམ་ལྟར་དབང་རྒྱུད་ཀྱི་རེ་བ་ཕྱིས་འབྱུང་བའི་རྟེན་འབྲེལ་གྱི་སྒོ་མ་ལོག་པ་རྣམ་གྲངས་དུ་མས་རྗེས་སུ་ནན་ཏན་གྱིས་བསྒྲུབས་ཏེ། སྔོན་ལོ་ཆེན་ཉིད་ཐུགས་སྦྱོང་གི་ཚུལ་ལ་ནན་ཏན་གྱི་སྐབས་རྟག་ལུང་ག་ཐོག་ཏུ་བཞུགས་དུས་ཐུགས་ཀ་ནས་ཉི་མ་ཤར། སྔ་རིས་ཀྱི་ཕྱོགས་ལ་སོང་བའི་ལོ་རྒྱུས་གསུང། རེ་ཞིག་སྡོད་གསུང་པའི་བཀའ་བསྩལ་ཕེབས་པའང་ནན་གྱིས་བཟློག། ཨ་མ་དྲིན་ཅན་དེ་ཡུན་དུ་མི་འཚོ་བའི་ངེས་གནས་ཀྱི་ཡིད་ཤེས་བརྫུན་མེད་པས་སེམས་བསྐུལ་ཏེ་ཕ་ཡུལ་ལ་སླར་ལོག་པར་བརྩམས། ལོ་གསུམ་གྱི་བར་ཟླ་བ་དགུ་རེའི་རིན་སོ་སོར་བསྡུད་པའི་རྣལ་འབྱོར་ལ་མཉམ་གཞག་བརྟན་པ་དང། ཟླ་བ་གསུམ་མ་ངེས་པའི་ཕྱོགས་མཐའ་དག་ཏུ་མཎ་བསྐུལ་གྱི་འགྲོ་དོན་གང་ཁྱབ་ཆེའི་སྒོ་ནས་ཡི་གེ་དྲུག་པ་དུང་འགྱུར་བརྒྱ་རྩ་བརྒྱད་འགྲུབ་ངེས་པའི་དམ་བཅའ་སྙིང་ཐག་པ་ནས་ཞུམ་པ་མེད་པའི་སེམས་ཀྱིས་བླངས། ཕྱག་དཔེ་ཕྱག་བྲིས་སུ་འཁོད་པ་ཐམས་ཅད་ཀྱི་ཕྱི་མོ་ཞུས་ཏེ་ཡར་ཕྱོགས་ལ་འགྲོ་བའི་སྐབས། བྱིན་རླབས་ཟིལ་ཆེན་རྒྱས་པའི་ལོ་ཆེན་སྙིང་གི་ཐིག་ལེས་སྐྱེལ་ཐུང་གནང། བདག་ཅག་དཔོན་སློབ་གཞུང་ལ་འགྲོ་བའི་ཕྱོགས་ཀྱི་རེ་རྩེའི་ཐད་ཤིན་ཏུ་རིང་བར་ཡུན་རིང་པོའི་བར་གདན་ཆགས་པ་མཐོང་བས་ཡིད་དགའ་མགུ་རངས་པའི་གདུང་ཤུགས་སྙིང་ནས་སྐྱེས། དེ་ནུབ་བསམ་འགྲུབ་དགའ་ལྡན་དུ་ཉལ། སང་སྔ་བར་བྱང་ཕྱོགས་ཤཾ་བྷ་ལའི་མདུན་ས་ག་ལ་བ་དེར་ཕྱིན། ཉེ་བའི་ཡིད་ཅན་མཚོའི་འགྲམ་གྱི་ནེའུ་སིང་དེར་ཙོག་བུ་ཕུབས་གཏད་དེ་དུས་རིགས་ལྡན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་དང་ཞལ་