[A:124]བླ་མ་མང་པོ་བཞུགས་པ་ལ། སྐྱེང་སྒང་པ་ཡིན་ནམ་སྙམ་པ་ཅིག་གསལ་ཆ་ཆེ་བར་བྱུང་པ་རྨི། ཕྱིས་འཁྲུལ་མེད་དུ་དེ་ཉིན་རབ་བརྟན་ཆོས་ལུང་གི་དགོན་པར་རྒྱ་སྒོམ་ཆེན་པོ་ཞི་བའི་དབྱིངས་སུ་གཟིམས་འདུག་པ་ཚོར་བས་རྨི་ལམ་གྱི་སྣང་བ་དྲན། བླ་མ་དང་སེལ་མེད་པའི་དམ་ཚིག་གི་སྲོག་ལ་སྙིང་ནས་ཡིད་བདེ་བར་བྱུང། དེར་སྣང་གསུམ་ཤིན་ཏུ་རྒྱས་པ་ཟླ་ཆོས་གཅིག་གི་བར་བླ་ཆོས་མེད་པར་གྲུབ་མཚམས། དེ་ལོ་སྒྱུ་ལུས་ཡང་གསུང་ངག་པ་རང་ལས་དབང་བསྐུར་གཏན་མེད་པ་བགྱིས། སྔགས་ལམ་མན་འཆད་རྒྱུ་དང་སྨྲ་རྒྱུ་ཡོད་དོ་ཅོག་ལབས་ཏེ། གོ་བ་དང་ཟུངས་སུ་ཐེབས་པའི་རྗེས་ནི་ཅིག་ཀྱང་མ་དོད་སྒྲ་ནམ་མཁའ་ལ་དེངས། འོན་ཀྱང་དུས་དེར་རང་ཉིད་ཀྱི་དགེ་སྦྱོར་ལ་གསལ་སྣང་ཆེ་བའི་བློ་བསྐྱེད་དང། སྔར་མ་གོ་བའི་ཆོས་ཀྱི་སྒྲོག་མང་དུ་ཁྲོལ། གནས་དེར་དཔྱིད་སོས་བར་དབེན་གསུམ་བསྟེན་པའི་ཡང་དག་འཇོག་གི་རྣལ་འབྱོར་ཁྱད་པར་ཅན་ལ་ནན་ཏན་གྱི་སྙིང་རུས་མི་ཆུང་བ་ལྷུར་བླངས། རང་ཤོང་གི་ས་ཕུག་སྒོ་བཅད་ཞིག་གི་ནང་དུ་གཟན་རྐྱང་གཅིག་ཁོ་ན་ལ་བསྒྲིལ་ནས་གཡེང་བ་མེད་པའི་བསྒོམ་བགྱིས་པས། སྟོང་གཟུགས་ཀྱི་འཆར་སྒོའི་ཐོག་མར་ཀུན་མཁྱེན་མི་ཕམ་མགོན་ཞལ་རས་བརྗིད་ཆགས་ཉ་གང་བའི་ཟླ་བ་རྒྱས་པ་ལྟར་མཐོང་ཞིང། སྣང་བ་འདི་ཕྱིས་སྨན་འབྱུང་སྡིང་དུ་ལོ་ཆེན་དཔོན་སློབ་ལྷན་ཅིག་བཞུགས་པའི་སྐབས་སྲོད་ཞིག་སྣང་བ་མེད་པའི་མུན་པ་ལ་ལོ་ཆེན་གྱི་དབུ་ཐད་ཙམ་གྱི་བར་སྣང་ལ་སྔར་ཇི་ལྟ་བ་བཞིན་བདག་གིས་གསལ་བར་མཐོང་བ་དུས་དེ་རང་དུ་ལོ་ཆེན་པའི་སྙན་དུ་བཏབ་བོ༎
དེ་ལྟར་བྲག་སྟེངས་སུ་ཟླ་བ་དགུ་གདན་ཐོག་གཅིག་ཏུ་སྐད་ཅིག་ཀྱང་གཡོ་བ་མེད་པར་བསྡད་རྗེས། ལོ་ཆེན་དྲུང་དུ་མཎ་