[A:126]འགའ་རེ་བགྱིས་ཅིང་ངལ་བསོ་བསྟེན། ཟླ་ཕྱེད་ཙམ་བསྡད་ནས་རོང་ཕྱོགས་ཀྱི་འགྲོ་བ་སྐད་མི་ཤེས་དགེ་སྡིག་འཆོམ་པར་སྤྱོད་པ་དག་ལ་སྙིང་རྗེས་ཀུན་ནས་བླངས། ལྷོ་མོན་གྱི་མཚམས་སྨད་ལྷ་ཁང་དུ་གྲགས་པ་དེར་རྐང་གཏད་ཕྱིན། དཔོན་སློབ་བྱ་བཏང་རང་ཤ་སྟག་བཅོ་ལྔ་ཙམ་རང་ཤོང་གི་ཅོག་སོ་ལ་བརྟེན། ལྡུམ་བུའི་སྣང་བདེ་སྐྱོང་གིན། ཡུལ་ལྗོངས་ཆེ་ས་རུ་ཅག་མལ་ཙམ་དང། གཞན་གདན་ཅིག་གར་ཕོག་གི་ཡུལ་ཆུང་རྣམས་སུ་མ་ཎིའི་འགྲོ་དོན་དམ་བཅའི་ཁས་ལེན་སྲོད་ཐོ་རངས་འཚོགས་ནས་འདོན་པའི་དགེ་བསྐུལ་སོགས་རེ་རེ་ནས་མ་ཆད་པ་བགྱིས། སྐད་མི་ཤེས་ཀྱི་སེམས་ཅན་སྔར་མི་ཎི་འདྲེན་མི་བྱུང་ན་ངན་སྔགས་བཟླ་བ་ཡིན་ཟེར་ས་མཐོར་རྡོ་མཐོར་གྱི་རྣམ་རྟོག་ཅན་དེ་རྣམས་ལ། ཁོ་རང་གི་སྐད་དུ་རིམ་གྱིས་གླེངས་ཏེ། རྒྱ་གར་གྱི་ཛོ་ཀི་རྣམས་གྷོ་རག་སྒོ་རག་སྨྲ་བ་དང། མོ་ཁོལ་རྣམས་ཁོ་དས་ཁོ་དས། བྲམ་ཟེ་རྣམས་རམ་རམ་བརྗོད་པ་དང་ཁྱད་མེད་ངེད་བོད་མི་རྣམས་མ་ཎི་པད་མེ་བཟླ་བ་ཡིན་བྱས་པས་ཡིད་ཆེས་ནས་ངང་གིས་ཡིག་དྲུག་འདྲེན་མི་ཇེ་མང་དུ་འཕེལ། ཟླ་ཕྱེད་བསྡད་རིང་ཡུལ་གྲུ་ཆེན་པོ་དེའི་སྐད་ཤེས་ཐམས་ཅད་ཀྱིས་འུར་དིར་དིར་འདྲེན་པ་བྱུང་བས། ངེད་རང་དཔོན་སློབ་ཀྱང་ལྷག་པར་སེམས་ཚིམས་ཤིང་དང་སྤྲོ་བ་བྱུང་ནའང། ས་ཕྱོགས་དེ་ན་ཤ་ཆང་མ་གཏོགས་ཟ་ཉན་དང་སྤྱད་ཉན་ཏིལ་ཙམ་ཡང་མི་འདུག། ཇ་ཡང་རོང་ཆུས་མི་ཐུབ་པར་ཆད་ནས་བསྐོལ་མི་ཉན། ཕྱུགས་མང་བར་འདུག་ཀྱང་འོ་མ་འཇོ་བའི་སྲོལ་མེད་པ། མར་ཞོ་དར་སོགས་སྒྲ་ཡང་མི་གྲག་སྐོམ་དུས་ཆུ་ཡང་དྲོན་མོ་མ་གཏོགས་གྲང་མོ་གཏན་མི་རྙེད་པ་ཤིན་ཏུ་སྦྱོང་བ་བྱུང་ངོ༎
དེ་ལྟར་རིམས་བགྲོད་ས་ག་ཡི༎
ཆགས་བྲལ་རྒྱལ་བ་དབུས་མ་