[A:185]བགྱིས་ནས། སྤྲུལ་པའི་སྐུ་ཆེན་པོ་ཉིད་ཐང་འབྲོག་གི་དབེན་གནས་ན་ཧོར་སོགས་མཐའ་འཁོབ་ཀྱི་འགྲོ་བ་དུ་མའི་དོན་དུ་ཆོས་ཀྱི་འཁོར་ལོ་རྨད་དུ་བྱུང་བ་བསྐོར་ཞིང་བཞུགས་པའི་སྤྱན་སྔར་ཕྱིན། དགེས་པ་རབ་ཀྱི་མཐར་གྱུར་པའི་བཀའ་བསྩལ་གྱི་ཐོག་མ། ད་ལྟ་འདི་ན་ངེད་ལ་ཆོས་ཞུར་འཚོགས་པའི་བླ་མ་ཁྱུང་པོས་གཙོ་བྱས་བསྒོམ་ཆེན་ཤ་སྟག་བརྒྱད་ཅུ་ཙམ་འདུག་པ། འདི་དག་ལ་ཆོས་ཀྱི་སྒོ་འབྱེད་དུ་མིང་གི་བཀྲ་བཟང་བར་འདུག་པ་ནས་སེམས་ཁྲིད་ཡིད་བཞིན་གྱི་ནོར་བུ་ཅིག་གནང་བ་ཞུ་གསུང་བའི་བཀའ་དང་དུ་བླངས། དགོངས་ཁའི་ཆ་ལ་འགྲོ་མགོན་དུང་མཚོ་རས་པའི་རྣམ་ཐར་ཞིབ་རྒྱས་དང། སྔོན་བྱུང་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་རྣམ་ཐར་མ་འོངས་ལུང་བསྟན་དང་བཅས་པ་ཡིད་ཆེས་སུ་སྦྱར་བའི་ཆོས་ཀྱི་ཁོག་ཕུབ་རྣལ་འབྱོར་བཞི་གསུམ་བཅུ་གཉིས་ཉིད་བཤད་བྱའི་ངོ་བོར་བཀོད་པའི་ཟབ་ཁྲིད་ལག་བཅངས་སུ་ཟླ་ཆོས་ཅིག་གི་བར་བགྱིས་ཤིང། ཞབས་དྲུང་སྤྲུལ་པའི་སྐུ་ཉིད་ལ་ཐོག་མར་སྐྱེ་བོ་མང་པོ་འདུས་པའི་སྐུ་གྲིབ་བསལ་བ་སོགས་ཆེད་དུ་དམིགས་པའི་རྣམ་འཇོམས་ཛཱ་ལི་མ་དཀར་པོའི་བྱབས་བསྲུངས། དེ་ནས་རིམ་བཞིན་རྣམ་འཇོམས་བིར་ལུགས། རྣམ་འཇོམས་མ་ཎི་བཛྲ་རྣམས་ཀྱི་དབང་འཕགས་པ་རིན་པོ་ཆེའི་ཡིག་ཆ་ལྟར་བགྱིས། རྣམ་འཇོམས་ལྷ་ཅིག་བུམ་ཅིག་གི་ཆབ་ཁྲུས་བཏུད་མར་ཞག་འགའ་ཕུལ་མཐར། ཇོ་བོ་རྗེ་ལྷ་ཅིག་ནས་བརྒྱུད་པའི་རྨེ་བརྩེགས་ལྗང་ཁུ། བ་རི་ལོ་ཙཱ་བ་ནས་ས་སྐྱ་པ་ལ་བརྒྱུད་པའི་རྨེ་བརྩེགས་དུད་ཁ། དྲིན་ཅན་སྤྱང་ལུང་པ་ནས་ཐོས་པའི་ཁྲོ་མོ་རྨེ་བ་བརྩེགས་མ་རྣམས་ཀྱང་ཕུལ་ཞིང། དེ་སྐབས་ཀྱི་བཀའ་ཆོས་འབུལ་བྱའི་སྙིང་པོ་བྱང་ཆུབ་སེམས་པ་vc: དཔའི་འགྲེལ་པ་སྐོར་གསུམ་དང་བཅས་པའི་བསྡུས་