[A:35]པའི་སྤྱོད་མཚམས་རྒྱས་འབྲིང་བསྡུས་གསུམ་གྱི། རྒྱས་པ་ན་བརྒྱད་ཅུ་རྩ་དགུ་འབྲིང་པོ་གསུམ། བསྡུས་པ་དགུར་བྱེད་པའི་ནང་སེལ། དེ་དག་གི་ལུང་སྦྱོར་ངོས་འཛིན་ཚིག་ཟུར་ཙམ་ཡང་མ་བརྗེད་པར། ཕྱིས་རང་གིས་གཞན་ལ་འཆད་པ་ན་ཡང་དེ་ཉིད་ཁོ་ན་སྤོད་པ་ལས་ཟིན་བྲིས་སོགས་ཀྱི་དཔེ་འཛིན་ལ་མ་ལྟོས་པར་བྱུང། རྗེས་སུ་འདྲེན་པ་གཞན་དག་ལས་བཟླས་པ་ལན་དུ་མར་ཞུས་པའི་ཚེ་ཡང། སྔར་མ་ཐོབ་པའི་ཡིག་ཆའི་ལུང་གསར་འཕེལ་ཙམ། སྤྱི་བཤད་ཀྱི་དགག་སྒྲུབ་དུ་མ་ལ་ཡིད་ཆེས་སྐྱེས་པའི་སྤོབས་པ་གོང་འཕེལ་ལས། རྒྱུ་ལམ་གྱི་སྐབས་བདེན་གཉིས་གཟུགས་རྣམ་དུ་སློང་བ། ལམ་ཁྲིད་དངོས་ཀྱི་ཚེ་གོང་མའི་གསུང་སྙིང་དག་ལ་ཕྱིས་འབྱུང་གི་ཟེར་སྒྲ་གང་གིས་ཡང་མ་སླད་པའི་བསྒོམ་དོན་བརྗེན་པ། དོན་ཐོབ་ཀྱི་ཚིག་གཅིག་མ་ཆད། དགོས་མེད་ཀྱི་འབྲུ་གཅིག་མ་ལྷག་པའི་སྟོན་ཚུལ་ཐུན་བཞིའི་ཆུ་བོ་དུས་ཁོར་མོར་ཉི་ཚོད་སོར་གང་ལ་སྔགས་ཕྱི་མ་མཆིས་པ་ཐུགས་ཉམས་སུ་བདར་བའི་བཀའ་བབས་ཡིད་ཆེས་དེས་སེམས་འཕྲོགས་ཏེ། ལམ་སྲོལ་འབྱེད་པ་པོ་རྣལ་འབྱོར་དབང་ཕྱུག་ཉིད་དང་མཇལ་ཡང་སོམ་ཉི་གསལ་བའི་ཞུས་ཏིག་སྐྲག་རྩེ་ཚད་ཀྱང་དྲི་རྒྱུ་མི་སྣང་ལ། ལོ་རེ་བཞིན་ཡང་ལུང་ཡིག་སྣ་དྲུག་ཅུ་སྣ་གཅིག་ཀྱང་མ་ཆད་པའི་སྟེང་དུ། སྔ་མ་ལ་གཞུང་བཤད་གསུང་བགྲོས་མ། ཡིག་ཆུང་བདུན། བླ་མའི་རྣམ་ཐར་ཞིབ་མོ་རྣམ་དག། བར་སྟོན་ཟིན་བྲིས། དམར་གྱིས་མཛད་པའི་ལུང་སྦྱར་རྣམས་སྦྱོར་བའི་བཤད་ལུང། བར་མ་ལ་གཞུང་བཤད་མན་ངག་མཛོད། བླ་མ་དཔལ་ལྡན་ཚུལ་ཁྲིམས་ཀྱི་མཆན་བཅས། བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ། ཁྲིད་ཡིག་སྦས་དོན་གསལ་བ་སོགས། དཔལ་ལྡན་བླ་མ་དམ་པས་མཛད་དོ་