[A:197]ཐུང་གནང། ལམ་བསྲངས་འབོད་མིའི་དབང་གིས་གླང་པ་གསེར་གླིང་དུ་བདེ་བར་སོན། ཆོས་རྗེ་དཀོན་མཆོག་རིན་ཆེན་པ་ལ་ཟླ་བ་གཅིག་གི་བར་ཉིན་མཚན་སྦྲེལ་བའི་དབང་ལུང་མན་ངག་རྒྱ་ཆེར་ཕུལ་བ། ཁོང་པ་རང་གི་གསན་ཡིག་ཏུ་ཕེབས་པ་ལ་རྣམ་གྲངས་དགུ་བཅུ་གོ་གཅིག་ཙམ་བྱུང་འདུག། དེ་སྐབས་ར་ལུང་དུ་འབྲུག་པ་རིན་པོ་ཆེའི་གདུང་རྟེན་ལ་གསེར་སྲང་གང་གི་མེ་ཏོག་འབུལ་མི་བརྫངས་མཐར། དཔལ་འཁོར་ལོ་བདེ་ཆེན་ནས་དབོན་ཆེན་པ་རྐང་གཏད་ནན་བསྐྱེད་ཀྱི་གསུང་མ་ཆོག་པ་འཚེར་བཞིན་དུ་ཕྱིན། ཟླ་ཕྱེད་ཙམ་གྱི་རིང་དུས་འཁོར་རྒྱུད་འགྲེལ། སྒྲུབ་ཐབས་རྒྱ་མཚོ། གྲུབ་ཆེན་བརྒྱད་ཅུ་སྒྲོལ་མ་ཉེར་གཅིག། སྤྱན་རས་གཟིགས་རིགས་བརྒྱ། ནི་གུའི་ཁྲིད། དབང་བྱིན་རླབས་ཡོངས་རྫོགས་སོགས་མཁན་ཆེན་རིན་པོ་ཆེ་ཉིད་ཀྱི་བཀའ་དྲིན་ཕེབས་པའི་དགོངས་པ་རྫོགས་པར་བགྱིས་ཤིང། རང་གིས་ཀྱང་པཎ་ཆེན་རིན་པོ་ཆེ་ནས་བརྒྱུད་པའི་གསང་འདུས་མི་བསྐྱོད་པ། བདེ་མཆོག་ནག་པོ་པ། གཤེད་དམར་ལྷ་ལྔ་གསུམ་གྱི་དབང་དང། རྣམ་རྟོག་འོད་གསལ་དང་བདུད་རྩི་བྱིན་རླབས། སྤྲོས་མེད་ཀྱི་ཁྲིད་ལུང་རྣམས་ཞུས་པའི་ཡོན། ཕྱག་གསེར་སྲང་གང་གིས་མཚོན་པའི་ཆོས་ཡོན་རྒྱས་པར་ཕུལ་ཞིང། གནང་སྦྱིན་ཡང་ཇ་སིག་གོས་བེམ་སོགས་རྒྱ་ཆེར་གནང་བའི་གོས་བེམ་དེ་ཉིད་དང། སྟག་ལུང་ནས་ཁྱེར་ཡོང་བའི་དར་ཆེན་ལུ་ཧཾ་གི་སྣམ་སྦྱར་རབ་ཚད་ཉིན་ཅིག་ཀྱང་ལུས་ལ་མ་རེག་པ་དེ་གཉིས་ཀ། གསེར་མདོག་ཅན་དུ་སེམས་དཔའ་ཆེན་པོ་བྲག་དཀར་བ་བསོད་ནམས་རྒྱལ་མཚན་གྱི་སྐུ་འདྲ་ན་བཟས་ཕོངས་པར་འདུག་ཟེར་ནས་ཕུལ། དགུན་གྱི་རེག་བྱ་དང། དུས་ཆོས་སོགས་ཀྱི་དུས་བཏབ་ལ་བརྟེན་མྱུར་བར་