[A:199]ལྟས་མེ་ཏོག་གི་ཆར་དང། དྲི་བསུང་གི་ངད། རིལ་བུ་འཕེལ་སྟོབས་ཆེ་བ་སོགས་སྒྲིབ་མེད་དུ་བྱུང་ཞིང། རིལ་བུ་སྒྲུབ་པའི་སྐབས་ཀྱི་ག་ཎ་ཙཀྲའི་དུས་གསུམ་གྱི་པཱུ་ཛ་སོགས་བཟང་ལ་གྱ་ནོམ་པ་ཡང་དད་པ་གསུམ་སྟོབས་སུ་གྱུར་པའི་མི་དབང་ཆེན་པོ་ཡབ་ཡུམ་གྱིས་ཡང་དག་པའི་ཚོགས་སྤེལ། གནམ་གང་ལ་མཚམས་ཀྱི་བཅད་བྱ་བཀྲོལ་ནས། ཚེས་གཅིག་ལ་ལམ་དུ་ཞུགས་ཏེ་སྨན་སྡིངས་རི་བོ་རྒྱས་པའི་མགུལ་དུ་ལོ་ཆེན་སྙིང་གི་ཐིག་ལེའི་དྲུང་དུ་རིལ་བུའི་ཕུད་དངོས་གྲུབ་ཀྱི་སྐྱེས་ཕུལ། དགོས་དགུར་གྱུར་བའི་བཀའི་ཤིས་བརྗོད་ཀྱི་མེ་ཏོག་རྣ་བའི་རྒྱན་དུ་བྱས་ནས་བྱང་ཕྱོགས་ཆོས་ཀྱི་རྒྱལ་བའི་ཕོ་བྲང་ག་ལ་བ་དེར་ཕྱིན། སྔར་གཏིང་སྐྱེས་སུ་བསྡོད་པའི་སྐབས་དང། ལམ་དུའང་ཡར་རྒྱབ་ནས་མཆོད་རྟེན་ཆེན་པོའི་རབ་གནས་ལ་འབོད་མི་རིམ་ཅན་དུ་བྱུང་ཡང་མཚན་ལྟས་རྩུབ་པས་མ་སླེབ་ཅིང། ངམ་རིངས་སུ་སླེབ་འཕྲལ་ཏི་ཤྲི་རིན་པོ་ཆེ་བཞུགས་འདུག་པའི་དྲུང་དུ་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་ཞུས་པའི་ཐོག་མར་དར་ཁ་གསུམ་སྦྲེལ། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་ལ་དོ་སྦྲེལ། འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ལ་ཁ་ཡང་རེ། དབང་གྲོལ་རྗེས་གསེར་ཞོ་གསུམ་དང་བཅས་པའི་དབུལ་བ་བརྡ་མཚོན་ཙམ་ཡང་ཕུལ་ཞིང། དེ་ལོ་གཡས་རུ་བྱང་དུ་ཕྱག་མོ་ཡང་ཤིན་ཏུ་རྩུབ་ཅིང། མནལ་ལྟས་སོགས་ཀྱང་ལྷག་པར་རྩེར་བ་དང། ཐུགས་དོག་ཆེ་བ་རང་འདུག་པ་ནས། སྐུ་རིམ་ལ་དམིགས་པའི་དྲུག་ཅུ་པའི་གཏོར་བཟློག་ཞི་བ་ལས་ཐམས་ཅད་པའི་བསྲེགས་བླུགས་བཏབ་པ་སོགས་རང་བློས་ཅི་མཁྱུད་ཀྱི་ལེགས་ཚོགས་སྤེལ་བས་མཚན་ལྟས་དགེ་ཙམ་དང། ཆོས་རྒྱལ་མེས་དབོན་རྣམས་ཀྱི་སྐུ་མདོག་ལེགས་པར་བསེལ་ཀྱང་