R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 202
[A:202]ཕྱོགས་ནས་བཏེག་པའི་བཅུ་པའི་ཚེས་ལྔའི་ནུབ་སྤྱང་ལུང་ཆོས་སྡིངས་སུ་འབྱོར། དཔལ་རིན་པོ་ཆེ་ལ་གསེར་སོགས་དཔུས་དག་གི་ཕྱག་མཇལ་བཏབ། རྣལ་འབྱོར་དམ་ཚིག་གསོ་བའི་ལམ་དབང་ཞུས། ལྷུན་གྲུབ་རྫོང་ལ་བརྒྱུད། དཔལ་སྟག་ལུང་གི་ཐང་ཆེན་པོར་སོན་པ་ན། གཅུང་རིན་པོ་ཆེ་འགྲོ་བའི་མགོན་པོ་རས་པ་ཆེན་པོས་གཙོ་མཛད། གྲྭ་ནང་གླིང་གསུམ་འདུས་པའི་དགེ་འདུན་གནམ་གྱིས་ས་བཀབ་པ་ལྟ་བུས་གདུགས་དང་རྒྱལ་མཚན་རོལ་མོའི་སྒྲ་དབྱངས། བདུག་སྤོས་ཀྱི་དུད་སྤྲིན་སོགས་ཀྱི་རྒྱང་རིང་པོ་ནས་བསུ་བའི་བཀོད་པ་གྱ་ནོམ་པས་མདུན་ནས་བསུས་ཏེ་འདུས་པའི་དབུས་སུ་བདག་གཟིགས་ཙམ་ཉིད་ནས་འགྲོ་མགོན་རས་པ་ཆེན་པོས་གུས་པའི་བརྐྱངས་ཕྱག་ཀྱང་བཏབ་པར་མཛད་པ་མཐོང་བ་ཙམ་གྱིས་སེམས་རྩིས་གཏད་མེད་པའི་ངང་ནས་ཞལ་མཇལ་ལེགས་པར་བགྱིས། བཀྲ་ཤིས་པའི་དགེ་མཚན་ཡར་དཔེ་ལ་བཞག་པའི་ངང་དེ་ཉིད་ནས། འདུས་པའི་ཚོགས་པ་མ་ལུས་པ་མཆོད་ཁང་ཆེན་མོར་གཅུང་རིན་པོ་ཆེའི་ཕྱག་ཕྱིར་བཀྲིས་ནས་རྣོ་རྗེང་བའི་དབང་གཟབ་རྒྱས་སུ་ཕུལ་ཅིང། ན་ནིང་གི་སྐབས་ལྟར་ཚོགས་ཆོས་ལ་ཆོས་དྲུག། ཕྱག་ཆེན། དབང་ལུང་ཕྲན་ཚེགས་ཟླ་བ་གཉིས་ཀྱི་རིང་རྒྱུན་ཆད་མེད་པར་ཆོས་ཀྱི་འཁོར་ལོ་བསྐོར་རྗེས། གླིང་ནང་ནས་བསྒོམ་དོན་གཉེར་ཁོ་ནའི་དད་འདུས་ཉིས་བརྒྱ་ཙམ་དང་ལྷན་ཅིག། མཆོག་གི་སྤྲུལ་པའི་སྐུ་བཞུགས་པའི་བསྟི་གནས་བསེ་གླིང་གི་རི་ཁྲོད་དུ་འཕོས་ནས་རི་ཆོས་སྐོར་གསུམ་ཞིབ་བཤད་བགྱིས། མཆོག་གི་སྤྲུལ་པའི་སྐུ་ཆེན་པོ་ཉིད་ཀྱི་ཞབས་དྲུང་དུ་རྡོ་རྗེ་ཕྲེང་བའི་དབང་འབུལ་བ་དང། སྔ་གོང་གསན་པའི་ཁྲིད་ཐམས་ཅད་པའི་བརྗེད་བྱང། ངག་ལས་ཕྱག་བྲིས་སུ་འགོད་པ་