R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 208
[A:208]མ་ཚིམ་སྟེ༎ ད་དུང་ཆོས་རྒྱུན་ཏིང་འཛིན་མ་ཐོབ་པར༎ ཐོས་པས་ངོམ་པ་མེད་འདི་ཁོ་བོའི་གཤིས༎ རྟོགས་བརྗོད་ལོ་ཟླས་བཅིངས་པའི་རང་བློའི་ཟོལ༎ སྙེད་པ་ཆོས་ལ་བགྱིས་པའི་བདེན་པའི་གཏམ༎ དམ་པའི་ཚོགས་ལས་ཞར་ནོད་བཀའ་ལུང་དག༎ གཞན་ལ་ཚེགས་མེད་འདོམས་པའི་མཐུ་ལྡན་སུ༎ དཔྱོད་ལྡན་གཟུ་གནས་མདུན་དུ་ཚུར་བྱོན་དང༎ རང་ཉམས་བློ་གྲོས་ལང་ཚོའི་དཀྱིལ་འཁོར་དང༎ ཡོན་ཏན་རྒྱན་ཕྲེང་ལྡན་པའི་མིག་མཆིས་ན༎ ཡིན་མིན་སོ་སོར་འབྱེད་ཚེ་གསལ་བར་རྟོགས༎ བདག་ནི་འདི་ནས་བྱང་ཆུབ་སྙིང་པོའི་བར༎ ཕྱོགས་རེའི་མིག་ཅན་ཆོས་སྤོང་ཁུར་ལེན་པའི༎ བསྟན་པའི་ཆོས་རྐུན་ཉིད་དུ་མ་གྱུར་ཅེས༎ དག་པའི་སྨོན་ལམ་སྙིང་ནས་འདེབས་པ་ལགས༎ གང་གི་སྐྱེ་བ་འཛིན་ཚེ་འང་དག་པའི་ཆོས༎ དེ་ཉིད་སྤེལ་ལ་བློ་ཡི་མཐུ་ཐོབ་སྟེ༎ ཡོངས་རྫོགས་ཐུབ་པའི་བསྟན་པ་རིན་པོ་ཆེ༎ རྩོད་པའི་དུས་འདིར་སླར་ཡང་རྒྱས་བྱེད་ཤོག༎ ཅེས་སྔར་བརྗོད་པའི་ཟུར་འདེབས་མཛེས་པར་བྱེད་པའི་རྒྱན་འདི་ཡང། མི་དབང་ཡབ་སྲས་འདི་གཉིས་ཀྱིས་བསྐུལ་བའི་ངོར། དགེ་སློང་བསོད་སྙོམས་སྤྱོད་པ། ཤྲཱི་ཝན་ཨ་ནནྟ་མུཀྟི་བ་ར་པུ་ཙི་ཏྲ་སཱ་ག་ར་སེ་ནས། དཔལ་ཁྲི་ཁང་གི་ཡང་རྩེ་ཆོས་རྒྱལ་ཕོ་བྲང་དུ་སྦྱར་བའི་ཡི་གེར་བཀོད་པའི་བགྱི་བ་པོ་ཡང། དད་ལྡན་ཤེས་རབ་བློ་གྲོས་རྣལ་འབྱོར་སྤྱོད་པའི་སྡེས་བགྱིས་སོ༎ ་་༎ རྣམ་ཐར་ཡང་རྒྱན་ནོར་བུའི་ཕྲ་བཀོད།