R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 209
[A:209]ཤྲཻ་ཡ་པེསྟུ། འཇམ་མགོན་ངག་ཚིག་གྲུབ་པའི་དཔའ་བོ་ནི༎ དཔལ་ལྡན་མཁས་ཀུན་དགའ་བའི་རོལ་རྩེད་མཁན༎ བསྔགས་འོད་སྨིན་གྲོལ་མཆོག་གི་ཕྲིན་ལས་ཅན༎ བློ་གསལ་རྒྱ་མཚོའི་སྡེ་ཞེས་མངོན་སུམ་གྱུར༎ ཡོངས་འཛིན་མཁས་མང་ཞལ་གྱི་བདུད་རྩི་ནི༎ དད་མོས་བསམ་པའི་སྙིམ་པས་ལེགས་མནོས་ཏེ༎ གཅིག་ཏུ་གཞན་ལ་ཕན་པའི་གོ་ཆ་ལས༎ ནམ་ཡང་རང་གི་དོན་ལས་སྲེད་མ་ལགས༎ སྦྱིན་པའི་གཡབ་མོས་དབུལ་ཕོངས་ཕྱོགས་ཀྱི་མགྲོན༎ མ་བོས་ངང་གིས་མདུན་དུ་ཉེར་ལྷགས་ཚེ༎ གཏོང་ལ་རྗེས་ཆགས་རབ་བརྩེའི་སྤུ་ལོང་དག༎ འབད་པ་མེད་པར་ལན་བརྒྱར་གཡོ་བ་ཉིད༎ སེམས་ཀྱི་ཀུན་རྟོག་སེར་སྣའི་མདུད་གྲོལ་བ༎ བདག་ལ་མི་སྦྱིན་བསམ་པ་འགའ་ཡང་མེད༎ མ་ཆགས་དངོས་པོ་སྲང་མདོའི་རྩྭ་བཞིན་ཡང༎ ཡོངས་སུ་གཏོང་ལ་ཞུམ་པ་ག་ལ་ཡོད༎ ལན་ལ་མི་རེ་གྲགས་པ་དོན་གཉེར་མིན༎ ཕ་རོལ་ཡིད་བདེ་བདག་སེམས་རངས་པའི་ཚུལ༎ ཟོལ་མིན་སྙིང་ནས་ལྷག་བསམ་དག་པ་ཡང༎ འདི་ན་དུས་གསུམ་རྒྱལ་བས་མངོན་པར་