[A:72]གནས་པ་རྣམས་ཕུལ་བས། ཡ་ཡ་ཤིན་ཏུ་རྨད་དུ་བྱུང་རི་བོ་དགེ་ལྡན་པའི་དགེ་བའི་བཤེས་གཉེན་རྣམས། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་གླེང་བརྗོད་ཁོ་ན་ཡིན་ཏེ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་མི་བསྐྱོད་པ་དང། གཞོན་ནུ་ཟླ་བའི་བརྒྱུད་ཀྱི་འགྲེལ་པ་ལས་བརྩམས་པའི་ཆོས་སྐད་བཟང་པོ། སྔོན་གྱི་མཁས་པ་རྭ་སྐྱོ་ཞང་གསུམ་གྱི་བཞེད་པ་ཕན་ཚུན་མ་འདྲེས་པ་འདི་ལྟ་བུའི་ལེགས་བཤད་སྔར་མ་ཐོས་པ་ངོ་མཚར་ཆེ་ཅེས་རྗེས་སུ་ཡི་རང་བ་བསྩལ། མདོར་ན་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་ལ་རྒྱུད་རྒྱ་གཞུང་གི་ཐོས་པ། བླ་མའི་མན་ངག་ལག་ལེན། རང་གི་བསྙེན་སྒྲུབ་ཟླས་པ་རྣམས་ཀྱི་སྒོ་ནས། འདི་ཁོ་ན་ལ་སྦྱངས་པ་འདྲ་བ་ཞིག་བྱས། རང་གཞན་ལ་ཕན་པའི་རྨི་ལམ་གྱི་མཚན་མ་བརྟན་པོ་འགའ་རེ་ལ་བརྟེན། དྲུག་ཅུ་པའི་གཏོར་མའི་ཆོ་ག་གཅིག་གཉིས་བགྱིས་པའི་སྐབས་ཀྱང། ཁོ་བོ་ཉིད་རྡོ་རྗེ་ཁྲོ་བོ་ཆེན་པོ་ཁམས་གསུལ་vc: གསུམnote>ལས་རྣམ་པར་རྒྱལ་བའི་རྒྱལ་ཐབས་ཀྱི་ཡ་ལད་རྣམ་པར་བཀྲ་བའི་དྲག་པོའི་རྒྱན་ཆེད་དུ་བདར་བས། ཀླུབས་པའི་ཆས་སུ་ཞུགས་ཏེ་གཤིན་རྗེ་མཐར་བྱེད་ཀྱི་བསྙེམས་པ་བརྟན་པོས། བཀའ་གཉན་གྱི་ཁྲོ་བོའི་སྤྲིན་དང་བཅས་པའི་རྡོ་རྗེ་རྣམ་པར་བརྩེན་པའི་ཁྲོ་བོ་རོལ་པ་ཆེན་པོའི་སྟབས་དང། བགེགས་ཐམས་ཅད་རྣམ་པར་རྙེད་པའི་ཏིང་ངེ་འཛིན་དང། ཆེན་པོའི་གཟི་བྱིན་མངོན་དུ་བགྱིས་ཏེ་ལོག་པར་བལྟ་བ་མཐའ་དག་མཐར་བར་བྱས་པའི་ཟིལ་གྱིས་གཏོར་མ་བསྣུན་པ་ན། གནས་དེར་འགོད་པའི་མི་ཐམས་ཅད་ཀྱང་ཀྱི་བུང་ཞེས་བྱེད་ལ། མིག་བསྡུད་མི་ཤེས་པ་ལྟར་ཧད་དེ་བལྟ་བ་དང། བདག་ཅག་གང་ན་འདུག་ཅེས་གཅིག་གི་ལག་པ་ལ་གཅིག་གིས་འཇུ་ཞིང། གར་འགྲོའི་ཏོལ་མེད་པ་གོམ་པ་གྱ་