[A:117]ཚང། དར་ཆེན་དམར་པོ་ཁ་གང་རྣམས་ཕུལ། བཞུགས་གདན་ལ་འཁོད་མཚམས། གྲུབ་ཆེན་དཔལ་ལྷུན་པ་ལ་གནང་བའི་ཞར་ཆོས། བཀའ་འགྲེལ་གྱི་ཐོག་མར། ཤ་ཝ་རས་དམ་པ་རྒྱ་གར་ལ་གནང་བའི་དོ་ཧའི་བརྡ་གླུ་དེ་གནང་བྱུང་བའི་མོད་ལ་ལུས་རང་དབང་མེད་པར་གཡོས། སྣང་བ་ཐམས་ཅད་སྐྲ་ཤད་འཛིངས་པ་ལྟ་བུ་པ་ཏྲ་རིས་འཁོར་མོར་འཁོར་བ། ཁྱད་པར་བྱིན་རླབས་ཟིལ་ཆེན་རྒྱས་པའི་ལོ་ཆེན་ཉིད་ཀྱི་སྐུ་པང་ན་སྒྱུ་འཕྲུལ་དྲ་བའི་ལྟད་མོ་ཆུ་ཀླུང་དྭངས་པའི་རྒྱུ་སྐར་ལྟར་མ་འདྲེས་གསལ་བར་མཐོང་བའི་སེམས་ཉམས་བན་མ་བུན་དེའི་ངང་ལ། གྲུབ་ཆེན་པ་ལུས་ཉམས་ཆེན་པོའི་བྱིན་ཕེབས་ཏེ་འཁྲབ་ཅིང་འོ་དོད་འབོད། བཞུགས་ནས་ཀྱང་ས་གཡོ་བའི་སྟབས་ནས་འདར་ཕིར་ཕིར་འདུག་གོ༎
དེ་ལོ་རྒྱལ་བར་གྲགས་པ་ཡི༎
ཆུ་སྟོད་ཟླ་བར་བྱང་ཕྱོགས་བརྒྱུད༎
རི་བོ་རྒྱས་པའི་མགུལ་པ་དེར༎
བདག་གི་བླ་མ་ལོ་ཙཱ་བ༎
ཕྱག་ན་བཛྲ་ཞལ་མཇལ་ཚེ༎
རྨི་ལམ་ཉམས་ཀྱི་མིག་འཕྲུལ་ལས༎
མངོན་སུམ་འགོངས་པ་མིན་པའི་ཉམས༎
སྒྱུ་མའི་རྨི་ལམ་ལས་བདེན་པ༎
དེ་འདྲ་དེ་ནི་མངོན་སུམ་སྟེ༎
ཕ་དེའི་དྲིན་ལས་བྱིན་ཆེན་ཕབ༎
ན་དའི་རང་སྒྲ་གསལ་བར་གྱུར༎
དབུགས་འབྱིན་དང་པོའི་ངེས་པའོ༎
དེ་ནས་དགེ་བཤེས་གཉིས་པ་ཞིག་དྲུང་དུ་སླེབ་བྱུང་པ་ལ། གྲལ་གོང་ན་བཞུགས་པ་དེ། ངམ་རིངས་ཆོས་སྡེ་ཆེན་པོའི་ཆོས་ཁྲིམས་ཀྱི་ཁུར་བབ་པ་ལ། དགེ་འདུན་དང་འབྲེལ་བའི་སྤྱི་རྫས་ལ་གཏན་མི་འབག་པའི་དམ་བཅའ་རླབས་པོ་ཆེ་ལོ་ཆེན་གྱི་ཕྱག་མགོ་ཐོག་ཏུ་ལངས་ནས་ལེན་གྱི་འདུག་པའི་མཚམས། ཀོག་ཚོ་ནས་བྱང་སེམས་ཆེན་མོས་ག་ཎ་ཙཀྲའི་པུ་ཛ་གྱ་ནོམ་པ་ཞུ་བ་ལ་བྱོན་བྱུང། དུས་དེར་