[A:༥༢ན] བཅུ་དྲུག་ཡོད་པ། སྒོ་ལྷོར་བསྟན། ཉིས་ཐོག་གསེར་འབྲུ་གསེར་བྱ་གཉིས་དང་བཅས་པ་བཞེངས། དེའི་ཁྱམས་སྨད་སྒང་ཕྱུག་པོ་བྱ་བས་བྱས་སོ། སྤོ་ཏོ་བ་བཞུད་ནས་ལོ་མང་པོའི་བར་དུ་མཐའ་བཞི་ལ་སོགས་པ་བགྲེས་པ་རེས་གྲལ་དབུ་ཙམ་མ་གཏོགས། གདན་སར་མིང་བཏགས་པ་དང། འཆད་ཉན་སོགས་ཆེར་མེད་ལ། སྐབས་ཤིག་ཏུ་རྔོག་བློ་ལྡན་ཤེས་རབ་ལ་ཕུལ་བས། གསང་ཕུ་དང་སྦྲེལ་ཏེ་ལོ་ཁ་ཡར་དུ་ཆོས་བར་ཟླ་བ་གཅིག་གཉིས་ཙམ་དུ་བཞུགས་པ་ཡང་མཛད་དོ། དེ་ནས་ཀ་གཉིས་མ་བཞེངས་ནས་ལོ་དགུ་བཅུ་རྩ་གསུམ་ལོན་པ་ས་ཕོ་འབྲུག་གི་ལོ་ལ་ཀ་པ་ཉི་ཤུ་རྩ་བཞི་མ་བཞེངས་པའི་སྦྱིན་བདག་འཕྲེང་ཁ་བེར་ཆུང་གི་སྲས། ཆོས་གྲགས། དགྲ་བཅོམ། ལྷུན་པོ་གསུམ། ལྷུན་པོའི་བུ་སྤྱན་རས་སྐྱབས། ཤཱཀྱ་སྐྱབས། ཡེ་ཤེས་སྐྱབས། པདྨ་སྐྱབས་དང་བཞི་འོང་། པདྨ་སྐྱབས་ཀྱི་བུ་ཇོ་ཡིས། ཇོ་རྒྱལ་གཉིས། ཇོ་ཡིས་ཀྱི་བུ་ཞང་ཡེ། སེའོ་གཞོན་ཚུལ། ཐང་པོ། ཁམས་པ་གྲགས་དང་བཞིའི་ནང་ནས། སེའོ་གཞོན་ཚུལ་དེས་སྤྱིར་ར་སྒྲེང་གི་སྐོར་དུ་ཞབས་ཏོག་ཆེར་མཛད། ཁྱད་པར་དབུ་རྩེ་ཀ་བ་ཉི་ཤུ་རྩ་བཞི། ཀ་གཉིས་མའི་ཤར་ཕྱོགས་སུ་བཞེངས་པར་འདོོད་པ་ལ། རིན་ཆེན་སྒང་དུ་སངས་རྒྱས་
དབེན་
སྟོན་ལ་ས་དཔྱད་ཞུས་པས། ཤར་ནུབ་ནས་རྡོ་གཉིས་ཁྱེར་ཤོག་གསུང་སྟེ། དེ་ལ་གཟིགས་པས། ཤར་ཕྱོགས་ཀླུའི་རྒྱལ་པོའི་ཕོ་བྲང་ལ་གནོད་པར་འདུག་པས། ནུབ་ཕྱོགས་སུ་གྱིས་གསུངས་པས། ཞང་འོད་འཇོ་བས་ར་སྒྲེང་དུ་ལོ་བཅུ་གཉིས་བཞུགས་པའི་བཅུ་པའི་ཐོག་ཏུ་ས་ཆོག་མཛད། རྨང་བཏིང། དེ་ནས་ལོ་གཉིས་པ་ལྕགས་ཕོ་རྟའི་ལོ་བདུན་བཅུ་རྩ་གསུམ་པ་བྱ་ཟླའི་ཚེས་བཅུ་བཅོ་ལྔ་ལ་ཐེགས། འདི་འཕན་ཡུལ་འཇོག་པོ་འཆད་ཁར་བྱོན་པ་བཤེས་གཉེན་ནམ་མཁའ་འབུམ་གྱི་བླ་མ་དེ་ཡིན་ནོ། དེ་ནས་གཞོན་ཚུལ་གྱིས་ཀ་བ་ཉི་ཤུ་རྩ་བཞི་ཉིས་ཐོག་སྒོ་ལྷོར་བསྟན། སྤེན་བད་གསེར་འབྲུས་མཛེས་པ་བྱས། དེའི་