[A:༥༤བ] ཡོན་ཏན་འདི་ཡོད་ཆེར་མི་གསུང་ཡང། བྱང་ཆུབ་ཀྱི་ཐུགས་རང་འཁྲུངས་ཀྱི་ཚུལ་དུ་མངའ། ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། མངོན་བར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པའི་ཚུལ་བསམ་གྱིས་མི་ཁྱབ་བོ། གཞན་ཕན་མཛད་པའི་ཐོག་མར་ལམ་སྒྲོན། ཡོན་ཏན་མཐས་པར་བསྟོད་པ། བསླབ་བཏུས་སོགས་གསུངས་པས། གྲ་གྲྭ་པ་སུམ་བརྒྱ་ཙམ་བྱུང། དེ་ནས་རིམ་གྱིས་འཕེལ་ཏེ་གྲ་གྲྭ་པ་ཉིས་སྟོང་ཙམ་འདུས། དེ་ཐམས་ཅད་ཀྱང་ཚེ་འདི་བློས་ཐོངས་པ་ཤ་སྟག་ཡོད་པར་གྲགས། རམ་སྡིང་མ་བ་དྲུང་ན་བཞུགས་དུས། ཆས་རྐྱེན་མེད་པས་ཟས་གོས་ཅུང་ཟད་གནང་བ་ལ། འདི་ཡེ་མི་གནང་བར་ཞུ། བདག་གི་བློ་ཆུད་ཟོས་ནས། ཟད་དུས་དགེ་བཤེས་ཀྱིས་གནང་སྟེ་འོང་སྙམ་ནས། བརྣབ་སེམས་སྐྱེ་ཞུས་པས། ཁྱེད་མ་འཛོམ་སྙམ་ནས་ཡི་ཆད་མི་དགོས། ང་གནས་བརྟན་བཅུ་དྲུག་གི་མ་བ་གཅིག་ཡིན་པས། ང་དང་མཇལ་བ་བསོད་ནམས་ཆེ་གསུང། ཕྱིས་གནས་བརྟན་ཡན་ལག་འབྱུང་གི་སྤྲུལ་པར་ཞལ་གྱིས་བཞེས། ཟང་ཟིང་གི་དངོས་པོ་བྲེ་གང་ཡང་འཛིན་ཆགས་མི་མཛད། ཕྱིས་སྤོ་ཏོར་བཞུགས་ནས་གཟིམས་ཆུང་ཀ་གཉིས་མ་དཔེ་ཁང་དུ་གྲགས་པ་སོགས་ལ་བརྟེན་ནས་བཞུགས། གཞན་ཕན་མཆོག་ཏུ་གྱུར་ཏེ། དགུང་ལོ་དོན་དགུ་བཞེས་པ་ཤིང་མོ་བྱ་ལ་སྤོ་ཏོར་
ཚུལ་
ཞུགས་ཟླ་བའི་ཉེར་དགུ་ལ་ཡི་དམ་མང་པོ་ཞལ་གཟིགས། ཤར་ཕྱོགས་ཀྱི་ནམ་མཁའ་ལ་ལྷས་རོལ་མོ་དང་བཅས་ཏེ་སྤྱན་དྲངས་པ་སྣང་བ་དག་པ་རྣམས་ཀྱིས་མཐོང། དེ་ནས་ཕྱག་ཐལ་མོ་སྦྱར་ཏེ། སེམས་ཅན་ཐམས་ཅད་ཀྱི་གནས་དང་སྐྱབས་དང་མགོན་དུ་གྱུར་ཅིག་གསུང་སྟེ་ཐེགས། གདུང་བཞུ་བས་ཐུགས་ལྗགས་དང་རིང་སྲེལ་ཁ་དོག་སྣ་ལྔ་མང་དུ་བྱོན། དེ་ནས་སྲས་ཆེན་བརྒྱད་ཀྱིས་ཀ་བ་དེར་གཙུགས་པའི་དབུ་རྩེ་ཀ་བ་བརྒྱད་མ་དང། ཞང་སྟོན་ཤར་བ་པས་