[A:༥བ] གཞི་
ཀུན་
ཡོད་པར་སྨྲ་བའི་སྡེ་དང། འོད་སྲུངས་ཀྱི་སྡེ་དང། ས་སྲུངས་སྡེ་དང། ཆོས་སྲུངས་ཀྱི་སྡེ་དང། མང་དུ་ཐོས་པའི་སྡེ་དང། གོས་དམར་ཅན་གྱི་སྡེ་དང། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་རྣམས་ནི་སློབ་དཔོན་གྱིས་ཕྱེ་ཞིང། འཕགས་པ་གནས་བརྟན་པ་ལ། རྒྱལ་བྱེད་ཚལ་དུ་གནས་པ། འཇིགས་མེད་དུ་གནས་པ། གཙུག་ལག་ཁང་དུ་གནས་པ་གསུམ་སྟེ། གནས་ཀྱི་སྒོ་ནས་དབྱེ་བ་གསུམ་མོ། མང་པོས་བཀུར་བ་ལ། ས་སྒྲོགས་རིས་དང། བསྲུང་བ་པ་དང། གནས་མ་བུ་པའི་སྡེ་པ་སྟེ་དོན་གྱི་སྒོ་ནས་ཕྱེ་བ་གསུམ་མོ། གཉིས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྡུས་ཚུལ་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས། བི་ས་ལ་སམ་བྷ་བ་ཞེས་པའི་རི་ལ། རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས་མདོ་སྡེ་བསྡུས་ཤེས་ཞེས་གྲགས་ཟེར། རྟོག་གེ་འབར་བ་ལས་ཀྱང། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་ཏེ། རྩ་བའི་བསྡུད་པར་བྱེད་པ་པོ་ཀུན་དུ་བཟང་པོ་དང། འཇམ་དཔལ་དང། གསང་བའི་བདག་པོ་དང། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། བདག་ཅག་གི་རྩ་བའི་བསྡུད་པར་བྱེད་པ་པོ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་ཞེས་སོ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྡུད་པ་པོ་ནི། རྒྱུད་རང་རང་གི་ཞུ་བ་པོས་བསྡུས་པ་ཡང་ཡོད་ལ། ཕལ་ཆེར་ཕྱག་ན་རྡོ་རྗེས་བསྡུས་པ་ཉིད་དོ། དེ་ཐམས་ཅད་ཀྱང་དུས་ཀྱིས་དབྱེ་ན་འཁོར་ལོ་རིམ་པ་གསུམ་མམ་བཞི། རྗོད་བྱེད་ཀྱིས་དབྱེ་ན་གསུང་རབ་ཡན་ལག་བཅུ་གཉིས་སམ་སྡེ་སྣོད་གསུམ། བརྗོད་བྱ་བསླབ་པ་རིན་པོ་ཆེ་གསུམ་དུ་བསྟན་པའི་ཆོས་ཐམས་ཅད་འདུས་པར་གསུངས་ལ། གསང་སྔགས་ནི་ཤཱནྟི་པས། ཟམ་མོའི་དོན་བསྡུས་ཏེ་སྟོན་པའི་ཕྱིར་མདོ་སྡེའོ་ཞེས་དང། དཔུང་